མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-11 10:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རིང་། གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་ཟབ་སྐྱོད་ཀྱིས་མང་ཚོགས་ཀྱི་སྐད་ཆ་ཉན་པ་དང་། མང་ཚོགས་ཀྱི་གྲོས་འགོ་བསྡུ་ལེན་བྱས་ནས་མང་ཚོགས་ལ་བྱ་བ་སྒྲུབ་རོགས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཡོད།

བྱེད་སྒོའི་ནང་། པ་སྣམ་རྫོང་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་གཞི་རིམ་དུ་བརྟག་ཞིབ་དང་། གཉེན་འབྲེལ་གྲོགས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་ལས་བྱེད་པས་མང་ཚོགས་དབར་གདོང་དང་གདོང་ཐུག་དང་། བསམ་བློ་སྤེལ་རེས། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཞབས་ཞུའི་ལས་སྟེགས་བཏོད་དེ། མང་ཚོགས་ཀྱི་རེ་འབོད་ཆེ་བ་དང་བསམ་འཆར་ཆེ་བ། དཀའ་ངལ་མངོན་གསལ་དོད་པ་བཅས་ཀྱི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་གིས་དམ་འཛིན་ནན་ཏན་བྱས་པ་མ་ཟད། མང་ཚོགས་ཀྱིས་སྐར་མ་རྒྱག་པའི་ཚད་གཞི་གཞིར་བཟུང་སློབ་སྦྱོང་བྱེད་པ་དང་། འཐུས་སྒོ་ཚང་དུ་གཏོང་བ། ལེགས་སྐྱེས་འབུལ་བ་བཅས་ཟུང་འབྲེལ་བྱས་ཏེ། རྫོང་དེ་ཡོངས་ཀྱི་གོང་འོག་ཚང་མར་དམངས་དང་ཉེ་པོ་བྱེད་པ་དང་། དམངས་ལ་དགའ་ཞེན་བྱེད་པ། དམངས་དོན་སྒྲུབ་པ་བཅས་ཀྱི་སྲོལ་བཟང་ཞིག་ཆགས་པ་བྱས་པ་རེད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་། པ་སྣམ་རྫོང་གིས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་རིམ་བཞིན་ཡོ་བསྲང་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པར་ཡིད་ཆེས་ཟབ་ཏུ་ཕྱིན་ཡོད་པ་རེད།

པ་སྣམ་རྫོང་གིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་མུ་མཐུད་རྣམ་པ་གསར་རྐྱང་དང་དོན་གཉེར་གྱི་སྤྱོད་ཚུལ། ཡར་བརྩོན་གྱི་རྣམ་འགྱུར་བཅས་ཀྱི་ཐོག་ནས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་ནས་གྲུབ་འབྲས་གསར་པ་གཏོད་དེ་རྒྱ་ཆེའི་མང་ཚོགས་ནས་ཞིབ་བཤེར་རྩིས་ལེན་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག