མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཤུགས་སྣོན་བརྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-11 10:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་མངའ་རིས་ས་ཁུལ་གྱིས་དྲིལ་བསྒྲགས་ཐབས་ཇུས་རབ་དང་རིམ་པ་སྤྱད་པ་དང་། ཡར་བརྩོན་དང་རང་འགུལ་ངང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་ཏེ་ས་ཁུལ་དེ་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད། བསམ་བློའི་འགན་སྲུང་དང་སྙིང་སྟོབས་ཀྱི་འགུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱས་ཡོད་པ་རེད།

མངའ་རིས་ས་ཁུལ་གྱིས་མི་སྣ་དང་སྒྲིག་ཆས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། གླེང་ཕྱོགས་ཀྱི་འཐབ་ས་འཛུགས་སྐྱོང་གསར་གཏོད་བྱས་ཡོད་པ་རེད། མངའ་རིས་ས་ཁུལ་དུ་བཅའ་སྡོད་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་ས་ཚིགས་སྒོ་བྱང་བཀལ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བཅའ་སྡོད་དཔུང་ཁག་སྟོབས་ཆེར་ཕྱིན་པ། མངའ་རིས་ཀྱི་ལག་ཐོག་ཁ་པར་གྱི་ཚགས་པར་ལས་སྒོ་གཉེར་བ། མ་དངུལ་སྒོར་ཁྲི་ཚོ500ཙམ་བཏང་བའི་ཤར་རླུང་ལས་གཞི་འཛུགས་སྐྲུན་ལས་འགོ་ཚུགས་པ། དེ་བཞིན་བར་ག་དང་ཚྭ་ག་ཤང་གཉིས་སུ་མངའ་རིས་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་ལེ་ཚན་བལྟ་ཐུབ་པ་བཅས་བྱུང་ཡོད་པ་རེད།

 མངའ་རིས་ས་ཁུལ་གྱིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཕྱི་ཕྱོགས་སུ་ས་ཁུལ་དེའི་གཟུགས་བརྙན་ལེགས་སུ་བཏང་ཡོད་པ་རེད། ས་ཁུལ་དེས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་བདེ་བླག་ངང་གཉེར་ཡོད་པ་དང་། ཞང་ཞུང་རིག་གནས་ཞིབ་འཇུག་གྲོས་མོལ་ཚོགས་འདུ་ཐེངས་དང་པོའི་ཐོག ལྗོངས་ཕྱི་ནང་གི་ཆེད་མཁས་པ14ཡིས་གཙོ་དོན་ལེགས་སྦྱར་གནང་ནས་ཞང་ཞུང་རིག་གནས་ཞིབ་འཇུག་གི་ཚ་རླབས་ཤིག་འཕྱུར་ཡོད་པ་དང་། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་དངོས་བཤུས་པར་གཞི་ས་མཐོའི་མངའ་རིས་ཀྱི་རྩྭ་མདའི་ལིའུ་ཞེས་པ་དང་སྣེ་མོ་གསུམ་པ་ཞེས་པའི་རྩྭ་མདའ་རྫོང་དང་སྒར་རྫོང་གི་པར་ལེན་ལས་འགན་ལེགས་སྒྲུབ་བྱུང་ཡོད་པ་རེད།

ཞང་ཞུང་སྒྱུ་རྩལ་ཚོགས་པས་བལ་ཡུལ་དུ་རིག་གནས་སྤེལ་རེས་བྱས་ཏེ་མངའ་རིས་ཀྱི་རིག་གནས་རྒྱལ་ཁབ་ཕྱི་ནང་དུ་དྲིལ་བསྒྲགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ཀྲུང་གོ་གསར་འགྱུར་ཁང་གིས་རྩོམ་འབྲི་བྱས་པའི་ཀྲུང་གོ་དང་རྒྱ་གར། བལ་ཡུལ་བཅས་ས་འབྲེལ་མཚམས་ཀྱི་གྲོང་མིའི་ཕྱུག་འགྱུར་དྲ་བ་ཞེས་པ་སོགས་ཀྱི་གསར་འགྱུར་བརྩམས་བྱ་བཅུ་ལྷག་ཙམ་གཏོང་སྤེལ་བྱས་པར་ཕྱི་རྒྱལ་རྒྱལ་ཁབ་མི་ཉུང་བ་ཞིག་གི་རྒྱ་སྐད་སྨྱན་སྦྱོར་ཚན་པས་བརྒྱུད་སྤེལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག