མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཞིང་ལས་དངུལ་ཁང་གིས་བྱེད་ཐབས་གསར་པ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-05-10 11:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས6ཉིན་གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཞིང་ལས་དངུལ་ཁང་གིས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་བསྟུན་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་འབྲོག་མང་ཚོགས་ཀྱི་དངུལ་བུན་དང་འཚམས་པའི“བྱང་བུ་བཞི”ལག་བསྟར་བྱས་ཏེ་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཞིང་ལས་དངུལ་ཁང་གིས་ཞིང་འབྲོག་མང་ཚོགས་ཚོ་དངུལ་བུན་གཡར་དཀའ་བའི་དོན་དངོས་ལ་དམིགས་ནས་ཕ་ལམ་གྱི་བྱང་བུ་དང་། གསེར་གྱི་བྱང་བུ། དངུལ་གྱི་བྱང་བུ། ཟངས་ཀྱི་བྱང་བུ་བཅས་ཁྱབ་གདལ་བཏང་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་དངུལ་བུན་འཇལ་བའི་ནུས་པ་དང་ཐོབ་ཐང་ལ་ཚོད་སྐོར་བྱས་ཏེ་ཕ་ལམ་བྱང་བུ་དེ་སྐར་མ་དང་པོ་དང་། གཉིས་པ། གསུམ་པ་སོགས་ལ་ཕྱེ་ནས་དངུལ་བུན་སྒོར་ཁྲི10དང་། སྒོར་ཁྲི15། སྒོར་ཁྲི20བཅས་གཡར་ཆོག་པར་བརྟེན་ཞིང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་ཆེད་ལས་དུད་ཆེན་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱུང་ཡོད། གསེར་གྱི་བྱང་བུ་དང་། དངུལ་གྱི་བྱང་བུ། ཟངས་ཀྱི་བྱང་བུ་བཅས་ཀྱི་ཐོག་ནས་དངུལ་བུན་སྒོར་ཁྲི་གཉིས་ནས་སྒོར་ཁྲི་བཞི་བར་གཡར་ཆོག་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱིས་ཞིང་འཕྲུལ་ཡོ་ཆས་དང་རླངས་འཁོར་སོགས་ཐོན་སྐྱེད་རྒྱུ་ཆ་ཉོ་རྒྱུར་སྟབས་བདེ་བྱུང་ཡོད།

གཞན་ཡང་སྤྱི་ལོ2004ལོ་ནས་བཟུང་བོད་ལྗོངས་ཞིང་ལས་དངུལ་ཁང་གིས་ལྗོངས་ཡོངས་སུ་ཡིད་རྟོན་གྲོང་ཚོ་དང་ཤང(གྲོང་རྡལ)དཔྱད་འདེམས་ལས་དོན་སྤེལ་ཞིང་། མིག་སྔའི་བར། ཡིད་རྟོན་གྲོང་ཚོ3447དང་ཡིད་རྟོན་གྲོང་རྡལ393དཔྱད་འདེམས་བྱས་པ་དང་། དཔྱད་འདེམས་བྱས་པའི་གྲོང་ཚོ་དང་ཤང(གྲོང་རྡལ)གི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་བུན་གྲངས་འབོར་མང་དུ་བཏང་ཡོད། སྤྱི་ལོ2012ལོར་རྫོང་དྲུག་ཡིད་རྟོན་རྫོང་ལ་བདམས་ཡོད། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དངུལ་ལེན་རྒྱུར་སྟབས་བདེ་ཡོང་ཆེད་བོད་ལྗོངས་ཞིང་ལས་དངུལ་ཁང་གིས་དངུལ་ལེན་ས1470བཙུགས་པའི་ཐོག་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས51བཙུགས་ཡོད་ལ། གློག་རྡུལ་འཕྲུལ་ཆས་ཤང་གྲོང་དུ90%ཁྱབ་ནས་རྫོང་ཁོངས་ཀྱི་དངུལ་རྩའི་སྣོད་བཅུད་ཁོར་ཡུག་མ་ལག་འཐུས་ཚང་དུ་ཕྱིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག