མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཞང་ཀང་རྒྱ་ཡིག་སློབ་ཆེན་གྱིས་ད་ལོར་བོད་ལྗོངས་ནས་སློབ་མ་བཞི་བསྡུ་རྩིས་ཡོད།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-05-10 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞང་ཀང་རྒྱ་ཡིག་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ནས་གཅིག་གྱུར་ཐོག་སློབ་མ་བསྡུ་ལེན་བྱེད་པའི་འཆར་གཞི་བརྒྱུད་དེ་ནང་ལོགས་ས་ཁུལ་ནས་སློབ་མ་བསྡུས། ཞང་ཀང་རྒྱ་ཡིག་སློབ་ཆེན་གྱིས་ཡར་སྔོན་གྱི་སློབ་མ་བསྡུས་པའི་སྦྱངས་འབྲས་དང་ཕུལ་བྱུང་འཇོན་མི་གསོ་སྐྱོང་གི་ཐད་ལ་འབད་པ་ཆེན་པོ་བྱས་པ་དེར་རྒྱལ་ཁབ་སློབ་གསོ་པུའུ་སོགས་ཀྱིས་གདེང་འཇོག་གནང་བ་དང་། ལྷག་པར་དུ་རྒྱལ་ཁབ་སློབ་གསོ་པུའུ་ཡིས་དངོས་གཞིའི་སྐོར་དང་པོའི་མཐོ་རིམ་སློབ་གྲྭ་གཙོ་བོར་བཞག་ནས་སློབ་མ་གཅིག་གྱུར་བསྡུ་ལེན་གྱི་སྐབས་སུ་སྔོན་ལ་སྐོར་ཞིག་བསྡུ་ལེན་བྱེད་ཆོག་པའི་དམིགས་བསལ་ཆོག་བཀོད་གནང་ཡོད་པ་རེད།

ཞང་ཀང་རྒྱ་ཡིག་སློབ་ཆེན་དུ་རྒྱུགས་ལེན་པའི་སློབ་མ་ཚོས་དངོས་གཞིའི་སྐོར་དང་པོའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་ལེན་གྱི་ཚོད་འཛིན་སྐར་གྲངས་ལོན་དགོས། རྒྱུགས་ལེན་མཁན་སློབ་མ་ཚོས་གཅིག་གྱུར་བསྡུ་ལེན་གྱི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་འདེམས་འགོད་བྱེད་པའི་བརྒྱུད་རིམ་ལྟར་སྙན་ཞུ་དགོས་པ་ལས། སློབ་གྲྭ་གཞན་པར་མིང་རྟགས་འགོད་མི་རུང་ལ་ཁ་རྒྱུགས་ཀྱང་བླངས་མི་ཆོག ཞང་ཀང་རྒྱ་ཡིག་སློབ་ཆེན་ནི་གཅིག་གྱུར་བསྡུ་ལེན་ཁྲོད་སྔོན་ལ་སློབ་མ་སྐོར་ཞིག་བསྡུ་ལེན་བྱེད་ཆོག་པའི་སློབ་གྲྭར་གཏོགས་པར་བརྟེན། རྒྱུགས་ལེན་མཁན་གྱིས་ཞང་ཀང་རྒྱ་ཡིག་སློབ་ཆེན་འདེམས་འགོད་བྱེད་པའི་དུས་མཚུངས་སུ། དངོས་གཞིའི་རིགས་ཀྱི་ནང་ལོགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་གཙོ་བོ་གང་རུང་འདེམས་འགོད་བྱེད་ཆོག་ལ། གལ་ཏེ་བསྡུ་ལེན་མི་གྲངས་ཀྱི་ཚད་ལོན་ནས་སློབ་གྲྭ་དེས་བསྡུ་ལེན་མ་བྱས་ཚེ། ད་དུང་སློབ་གྲྭ་གཞན་པར་བསམ་བློ་བཏང་ཆོག་པ་རེད།

ཞང་ཀང་རྒྱ་ཡིག་སློབ་ཆེན་གྱི2014ལོར་བོད་ལྗོངས་ཀྱི་སློབ་མ་བསྡུ་ལེན་གྱི་འཆར་གཞི་ལྟར་ན། རྩོམ་རིག་ལོ་རྒྱུས་ཀྱི་རིག་ཚན་དུ་སློབ་མ་གཉིས་བསྡུ་རྒྱུ་དང་། དེའི་ནང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་རག་མཁན་གྱི་སློབ་མ་གཅིག རྩིས་ཚན་དུ་སློབ་མ་གཉིས་བསྡུ་རྒྱུ་དང་། དེའི་ནང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་རག་མཁན་གཅིག་བཅས་ཁྱོན་སྡོམ་སློབ་མ་བཞི་བསྡུ་རྩིས་ཡོད་པ་རེད། གཞན་སློབ་ ཡོན་སོགས་འགྲོ་སོང་སྒེར་གྱིས་གཏོང་བའི་རྩོམ་རིག་ལོ་རྒྱུས་ཀྱི་རིག་ཚན་དང་རྩིས་ཚན་ཀྱི་སློབ་མ་གཅིག་རེ་བསྡུ་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག