མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན་ཁྲོད་ནགས་སའི་གཞི་ཁྱོན་མུའུ་ཁྲི168.5གསར་སྣོན་བྱས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-10 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ལོ་ངོ་བཅུ་གསུམ་རིང་ལ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་བཀོད་སྒྲིག་བྱས་པའི་རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན་ལས་འགན་མུའུ་ཁྲི168.5ལེགས་འགྲུབ་བྱུང་ཞིང་། སྤྱི་ཚོགས་དང་། དཔལ་འབྱོར། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་བཟང་པོ་བླངས།”འདི་ནི་གསར་འགོད་པས་ཚེས9ཉིན་བོད་ལྗོངས་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།

རང་སྐྱོང་ལྗོངས་ནགས་ལས་ཐིན་གྱི་ཐིན་ཀྲང་ལེ་ཀའེ་ལུང་གིས་བཤད་རྒྱུར། བོད་ལྗོངས་ཀྱི་རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན་དེ2002ལོར་སྤེལ་འགོ་ཚུགས་པ་ནས་བཟུང་། མིག་སྔའི་བར་དུ་རྨོ་བསྐྱུར་ནགས་སྐྱོང་བྱེད་ཚད་མུའུ་ཁྲི25ལེགས་འགྲུབ་བྱུང་བ་དང་། རི་རྒོད་ས་སྟོང་དུ་ནགས་ཚུལ་མུའུ་ཁྲི112.5བསྐྲུན། རི་རྒྱ་ནགས་བཟོ་བྱེད་ཚད་མུའུ་ཁྲི31ལེགས་འགྲུབ་བྱུང་བས། བསྡོམས་པས་ནགས་ཚལ་ས་ཁུལ་མུའུ་ཁྲི168.5ཇེ་མང་དུ་བཏང་བ་དང་། རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར6.5དངོས་འབེབས་བྱས་ཟེར།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན་དང་རྨོ་བསྐྱུར་ནགས་སྐྱོང་གི་གྲུབ་འབྲས་བརྟན་སྲུང་བྱེད་པའི་ཆེད་གཉེར་འཆར་འགོད་རྣམ་གྲངས་དེ་ལག་བསྟར་བྱས་ལས་བོད་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་རྫོང(ཆུས)74དང་འབྲེལ་བ་ཡོད་པ་དང་། ཁ་གསབ་སྟེར་བའི་སྲིད་ཇུས་ལས་རྨོ་བསྐྱུར་ཞིང་ཁྱིམ52598ཡི་རོང་འབྲོག་མང་ཚོགས་མི་ཁྲི30.6ལ་ཁེ་ཕན་ཐོབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག