མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་གནས་སྐོར་ལས་རིགས་ཀྱི་འགོ་ཡག་པོ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-09 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བ་སླེབས་པ་ནས་བཟུང་ལྷོ་ཁ་ས་ཁུལ་ཡང་བོད་ལྗོངས་གྱི་ས་ཁུལ་གཞན་དག་དང་མཚུངས་བར་གནས་སྐོར་ཚོང་རའི་ཚོང་བྲིན་པ་དང་གནས་སྐོར་བྱེད་མཁན་ཇེ་མང་དུ་འགྲོ་བའི་དུས་ཚིགས་ལ་སླེབས་པ་རེད།

རྒྱུས་ལོན་པ་ལྟར་ན། གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་གནས་སྐོར་ཚོགས་པའང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ལྷོ་ཁ་ས་ཁུལ་གྱི་གནས་སྐོར་ཚོང་རའི་གནས་ཚུལ་ལོ་སྔོན་མའི་དུས་མཉམ་ལས་ལེགས་ཤིང་། གནས་སྐོར་མི་གྲངས་དང་ཡོང་སྒོ་མངོན་གསལ་ངང་འཕར་སྣོན་བྱུང་ཡོད་པ་མ་ཟད། གནས་སྐོར་ཞག་སྡོད་སྒྲིག་ཆས་དང་མགྲོན་ཁང་གླ་གཏོང་བྱེད་ཚད་མངོན་གསལ་ངང་ཇེ་མང་དུ་སོང་། ད་ལོའི་དུས་ཚིགས་དང་པོར་ས་ཁུལ་ཡོངས་ཀྱིས་བསྡོམས་པས་རིགས་སོ་སོའི་གནས་སྐོར་བ་མི་ཐེངས106591སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས11%འཕར་ཡོད་ཅིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི4934ཡོད་པ་དང་ལོ་སྔོན་མའི་དུས་མཉམ་ལས24%འཕར་ཡོད། འཆར་གཞི་ལྟར་ན་ལོ་ཧྲིལ་བོར་གནས་སྐོར་བ་མི་ཐེངས་ཁྲི196.8སྣེ་ལེན་བྱ་རྒྱུ་ཡིན་པ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར7.5མངོན་འགྱུར་བྱ་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག