མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ4བར་ཆབ་མདོ་ས་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་ལས་མ་དངུལ་སྒོར་དུང་ཕྱུར1.1འབྱོར་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-09 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་བྱ་བའི་འཕེལ་རིམ་བདེ་བླག་ཡིན་ཞིང་། རྣམ་གྲངས18ནང་འདྲེན་བྱས་པ་དང་། གྲོས་མཐུན་བྱུང་བའི་མ་དངུལ་སྒོར་དུང་ཕྱུར8.3ཡོད་དེ། ད་ལྟ་མ་དངུལ་སྒོར་དུང་ཕྱུར1.1དངོས་སུ་འབྱོར་ཡོད་པ་རེད།

ཆབ་མདོ་ས་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ཁྲོད་མི་རིགས་ལག་རྩལ་ཐོན་ལས་དང་། ཞིང་ཕྱུགས་ལས། ཞབས་ཞུ་ལས་རིགས། ས་ཁང་བདག་ཁུངས་གསར་སྤེལ་དང་། རིག་གནས་གནས་སྐོར་ཐོན་ལས་སོགས་འདུས་ཡོད། དེའི་ཁྲོད་གསར་བསྐྲུན་བྱེད་བཞིན་པའི་རྣམ་གྲངས4ཡོད་པ་དང་། གྲོས་མཐུན་བྱུང་བའི་མ་དངུལ་སྒོར་ཁྲི21500ཡོད་པ་དང་། དངོས་སུ་འབྱོར་བའི་མ་དངུལ་སྒོར་ཁྲི2725ཡོད། རྗེས་མཐུད་འཛུགས་སྐྲུན་རྣམ་གྲངས14ཡོད་པ་དང་། གྲོས་མཐུན་བྱུང་བའི་མ་དངུལ་སྒོར་ཁྲི61938.75ཁ་སྣོན་བྱས་ཤིང་། མ་དངུལ་སྒོར་ཁྲི8294དངོས་སུ་འབྱོར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག