ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་བྱ་བའི་ཚོགས་འདུ་འཐབ་ཇུས་བཀོད་སྒྲིག་ལྟར། བོད་ལྗོངས་ཡོངས་ཀྱི་གོང་འོག་ཐམས་ཅད་ཀྱིས་གཅིག་གྱུར་སྒོས་དཔལ་འབྱོར་བརྟན་རླིང་ངང་འཕར་སྣོན་བྱུང་བ་དང་། སྒྲིག་གཞི་སྙོམས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་བཅས་བྱས་ཏེ། དོན་དངོས་དང་བསྟུན་པའི་སྒོ་ནས་དམངས་འཚོ་བྱ་བར་འགན་སྲུང་དང་ལེགས་བཅོས་བྱས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་རླིང་ཡིན་པ་མངོན་འགྱུར་བྱས།
གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་མ་དངུལ་སྒོར་དུང་ཕྱུར172.33ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས9.2%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར12.26ལ་སླེབས་ཤིང2.4%འཕར། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར21.56ལ་སླེབས་ཤིང14.7%འཕར། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར138.51ལ་སླེབས་པ་དང9%བཅས་འཕར་ཡོད་པ་རེད། །