མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བློ་བཟང་རྒྱལ་མཚན་གྱིས་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-08 11:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ལགས་འཕྲོད་བསྟེན་ཁོངས་གཏོགས་སུ་ཕེབས་ནས་རྫོང་རིམ་པའི་སྨན་ཁང་གི་ཚད་ལྡན་ཅན་འཛུགས་སྐྲུན་དང་གཞི་རིམ་སྨན་བཅོས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་སྙན་ཞུར་གསན་པ་རེད། ཁོང་གིས་མི་དམངས་མང་ཚོགས་དང་སྒོས་སུ་ཞིང་འབྲོག་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་འཕེལ་འགྲོ་བཞིན་པའི་བདེ་ཐང་གི་དགོས་མཁོར་འགན་ལེན་བྱ་རྒྱུ་ནི་འགོ་ཚུགས་ས་དང་དམིགས་སར་བྱེད་དགོས་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་ནི་ལས་དོན་གྱི་ཤུགས་འདོན་ས་བྱེད་པ། རྫོང་རིམ་པའི་སྨན་ཁང་ཚད་ལྡན་ཅན་འཛུགས་ལ་སྐུལ་འདེད་བྱ་རྒྱུ་ནི་གཙོ་གནད་དུ་བཟུང་ནས་ཀྲུང་གོའི་ཁྱད་ཆོས་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨན་བཅོས་འཕྲོད་བསྟེན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ་བཅས་བྱས་ཏེ༢༠༢༠ལོར་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པའམ་ཡང་ན་ཉེ་སར་སླེབས་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་ཧྲིལ་པོ་གནས་སྤོ་བྱས་པ་མ་ཟད། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལག་བསྟར་བྱས་རྗེས་སྨན་ཁང་གི་མངོན་མེད་དང་མངོན་ཡོད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་། སྨན་ཁང་གཉེར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། བློ་བཟང་རྒྱལ་མཚན་ལགས་ཚན་ཁག་སོ་སོར་ཕེབས་ནས་ཞིབ་བཤེར་ནན་ཏན་གནང་སྟེ་སྨན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་། སྨན་བཅོས་ཞབས་ཞུ། ཤེས་ལྡན་མི་སྣ་བཀོད་སྒྲིག་སོགས་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

རྫོང་སྨན་ཁང་གི་ཚད་ལྡན་ཅན་འཛུགས་སྐྲུན་དང་ནང་ལོགས་གཉིས་བར་ཧེ་བག་གང་དག་ཡོད་དམ། གཞི་རིམ་གྱི་སྨན་བཅོས་ལས་དོན་ཐད་གྲོས་འགོ་ཡག་པོ་འདོན་རྒྱུ་ཡོད་དམ། སྐྱེ་དངོས་བརྟག་དཔྱད་ཁང་དང་གཤགས་བཅོས་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ཁག་བདུན་པའི་ལག་རྩལ་བོད་སྐྱོར་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་ནས་རང་འགུལ་ངང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

བརྟག་ཞིབ་ཁྲོད་བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས༢༠༢༠ལོར་སླེབས་སྐབས་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པར་བྱ་རྒྱུ་དེ་ཀྲུང་དབྱང་གིས་དཀྲིས་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོའང་ཡིན་སྟབས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ངེས་པར་དུ་དམིགས་ཚད་ལས་འགན་དེ་དམ་པོར་བཟུང་ནས་གཙོ་གནད་མངོན་གསལ་དོད་པོ་དང་། དཀའ་གནད་ཚད་བརྒལ། འབད་འབུངས་ཆེར་བསྐྱེད། གསར་འབྱེད་གསར་གཏོད་བཅས་བྱས་ཐོག་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལེགས་ལྡན་སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཕྱོགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཉིས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ། གསུམ་ནས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ནང་གི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ལོ་ལྔ་ཚན་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་སྔ་ས་ནས་ཡག་པོ་འདིང་དགོས་པ། བཞི་ནས་ལས་ཀའི་འགན་ནུས་སྔར་བས་གསེད་དཀྲོལ་བྱས་ཏེ་ཚན་ཁག་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དེ་བས་ཡག་པ་བྱེད་དགོས་པ། ལྔ་ནས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་སྒྲིལ་ཤུགས་ཆགས་པ་བྱས་ཐོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་བཏང་བའི་མ་དངུལ་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་བསྟན་གནང་བ་རེད།  །  ཀྲུང་གོའི་བོད་ལྗོངས་དྲ་བ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག