མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཀྲུང་གོ་འཁྱེར་འཕྲིན་བོད་ལྗོངས་ཀུང་སིའི་སྐོར་བརྗོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-08 11:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་འཁྱེར་འཕྲིན་བོད་ལྗོངས་ཀུང་སི་བཙུགས་ནས་ཡུན་རིང་འགོར་མེད་ཅིང་གྲུབ་འབྲས་མི་དམན་པ་བླངས་ཡོད། 2013ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་བོད་དུ་མ་དངུལ་སྒོར་དུང་ཕྱུར106.43བཏང་བ་དང་། ཁེ་འབབ་གཞུང་འབུལ་བྱེད་ཚད་སྒོར་དུང་ཕྱུར4ལས་བརྒལ་ཡོད་པ་དང་། 2Gརྨང་གཞིའི་ས་ཚིགས4012དང3Gརྨང་གཞིའི་ས་ཚིགས1109བརྒྱུད་གཏོང་བྱེད་འགོ་ཚུགས་པ། འོད་སྐུད་སྤྱི་ལེ་ཁྲི3.39འཁྲིད་པ། ལྗོངས་ཡོངས་སུ་འཁྱེར་འཕྲིན་བརྡ་རྟགས་སྲིད་འཛིན་གྲོང་ཚོར་ཁྱབ་ཚད82.14%ཟིན་པ་དང་། གལ་ཆེའི་རྒྱལ་ལམ་དུ་ཁྱབ་ཚད98.68% ལྕགས་ལམ་དུ་ཁྱབ་ཚད78.2% གལ་ཆེའི་མཛེས་ལྗོངས་ཁུལ་ཁྱབ་ཚད100% ཤང་གྲོང་དུ་ཁྱབ་ཚད100%བཅས་ཟིན་ཡོད། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་། རྫོང་དང་གྲོང་ཁྱེར་ཁུལ74ཡི་འགྲིམ་འགྲུལ་མ་ལམ་གཙོ་བོ། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་བར་འཕྲིན་གཏོང་དྲ་རྒྱ་ཁྱབ་ཡོད་པ་དང་། མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དང་། ཇོ་མོ་གླང་མའི་སྒར་ས་ཆེན་མོ། ལྗོངས་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་ཕུ་མ་བྱང་ཐང་ཤང་། མི་འབོར་ཉུང་ཤོས་ཀྱི་གཡུ་སྨད་ཤང་བཅས་སུ་འཁྱེར་འཕྲིན་དྲ་རྒྱ་ཁྱབ་ཡོད། ལྗོངས་ཡོངས་སུ་ཤང་ཚང་མར་འོད་སྐུད་ཤར་ཁྲིད་ཐུབ་པ་དང་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་ཡོད། ༢༠༡༣ལོར་ཀྲུང་གོ་འཁྱེར་འཕྲིན་བོད་ལྗོངས་ཀུང་སིར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་ནས་བོད་ལྗོངས་ཀུང་སིའི་ལས་མི༡༧༠༠ལྷག་ཙམ་གྱིས་འབད་བརྩོན་ཧུར་ལེན་བྱས་པར་ཁས་ལེན་གང་ལེགས་ཐོབ་ཡོད།

ཀུང་སི་བཙུགས་ཉིན་ནས་བཟུང་ཀྲུང་གོ་འཁྱེར་འཕྲིན་བོད་ལྗོངས་ཀུང་སིས་བརྩི་འཇོག་དང་། བཟོད་སྒོམ། རྒྱུས་ལོན། རོགས་རེས་བཅས་ཀྱི་ཞི་མཐུན་གྱི་ལས་བཟོའི་འབྲེལ་བ་འཛུགས་རྒྱུར་གཞོལ་ནས་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་དང་། ལས་བཟོའི་གཅེས་སེམས་འདུ་འགོད་འཛུགས་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། ལས་བཟོའི་སྟོབས་ཤུགས་གཅིག་སྒྲིལ་དང་ཡར་བརྩོན་ཧུར་སེམས་ཆེ་རུ་བཏང་སྟེ་ཁེ་ལས་རྒྱུན་བསྲིང་ངང་གོང་འཕེལ་ཡོང་བ་བྱས་ཡོད།

ཀུང་སིས་ཐོག་མར་བཟོ་ཚོགས་རྩ་འཛུགས་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། 2000ལོའི་ཟླ6པར་ཀྲུང་གོ་འཁྱེར་འཕྲིན་བོད་ལྗོངས་ཀུང་སིའི་བཟོ་ཚོགས་རྩ་འཛུགས་བཙུགས་པ་དང་ད་ལྟ་གཞི་རིམ་བཟོ་ཚོགས༡༠ཡོད་པ་དང་། རྩ་འཛུགས་འཐུས་ཚང་ཡིན་པ། སྒྲིག་གཞི་ཆ་ཚང་བ། མི་སྣ་བཀོད་སྒྲིག་ལུགས་མཐུན་ཡིན་པ། ལས་བཟོ་བ་བཟོ་ཚོགས་སུ་ཞུགས་ཚད་ཀྱིས100%བཅས་ཟིན་ཡོད། 2003ལོ་ནས་བཟུང་ཀུང་སིས་ངལ་རྩོལ་ལས་མི་བཟོ་ཚོགས་སུ་ཞུགས་རྒྱུའི་གྲོས་འགོ་བཏོན་པ་དང་། དཔྱད་བསྡུར་ཡང་ཡང་བྱས་མཐར་བཟོ་ཚོགས་ནང་ཞུགས་པའི་ཆ་རྐྱེན་འཛོམས་པའི་ངལ་རྩོལ་ལས་མི་ཡིན་ཕྱིན་ཚང་མ་བཟོ་ཚོགས་ནང་ཞུགས་ཆོག་པའི་གཏན་འབེབས་བྱས་པ་དང་། གྲོན་དངུལ་དང་ཕན་བདེའི་གྲོན་དངུལ་དཀོན་པ་སོགས་ཀྱིས་བཟོ་ཚོགས་སུ་མི་འཇུག་པའི་གནས་ཚུལ་མི་ཐོན་པ་བྱས་པ་དང། བྱེད་ཐབས་འདི་དང་ལས་ཀའི་གྲུབ་འབྲས་ལ་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱིས་ཁས་ལེན་ཐོབ་ཡོད།

ཚན་རིག་དང་མཐུན་པའི་སྒོ་ནས་མི་སྣ་སྤྱོད་རྒྱུ་ནི་ཀུང་སི་རྒྱུན་བསྲིང་ངང་གོང་འཕེལ་ཡོང་བའི་འགན་ལེན་ཞིག་ཡིན་ཞིང་། བོད་ལྗོངས་འཁྱེར་འཕྲིན་ཀུང་སིའི་མི་ཤུགས་ཐོན་ཁུངས་འགན་སྲུང་པུའུ་ཡིས་ཆེད་མངགས་གསོ་སྦྱོང་དང་། ཁས་ལེན་དཔང་རྟགས་སྒྲིག་གཞི་བཙུགས་ནས་ཀུང་སིའི་ལས་མི་ཡོངས་ལ་འཐུས་ཚང་དང་། ཚད་ལྡན། གསོ་སྦྱོང་། རིམ་སྤོར། སློབ་སྦྱོང་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་པ་དང་། དྲ་ཐོག་སློབ་གྲྭ་བཙུགས་ནས་ལས་བཟོ་བ་རྣམས་ཡིག་རྒྱུགས་སྣ་ཚོགས་ནང་ཞུགས་ནས་རང་གི་སློབ་སྦྱོང་ཡོན་ཚད་མཐོ་རུ་གཏོང་རྒྱུར་སྐུལ་སློང་བྱས་པ་དང་། ཡིག་རྒྱུགས་གྲུབ་འབྲས་དེ་ཡིག་ཚགས་ནང་བཀོད་དེ་ལས་བཟོའི་གོ་གནས་སྤོར་བའི་གཞི་འཛིན་ས་ཞིག་ཏུ་བརྩི་གི་ཡོད། ཀུང་སིས་ཆ་སྙོམས་ལོ་རེར་ལས་བཟོ་བ་ཐེངས100ལྷག་ལ་གསོ་སྦྱོང་བྱེད་པ་དང་། ལྗོངས་ཕྱི་རོལ་དུ་ལས་བཟོ་བ་གསོ་སྦྱོང་བྱེད་པར་གཏོང་ཚད་ཐེངས༡༥༠ལྷག་ཙམ་ཟིན་པ། ལོ་རེར་གསོ་སྦྱོང་དུས་ཚོད་ཆུ་ཚོད4200ལྷག་ཙམ་ཟིན་ཡོད།

ལོ་འགའི་རིང་བོད་ལྗོངས་ཀུང་སིས༼ལས་བཟོ་བའི་འགན་བཅོལ་ཕན་བདེའི་དོ་དམ་བྱ་ཐབས༽དང༼ལས་བཟོ་བའི་སློབ་གསོ་དང་གསོ་སྦྱོང་དོ་དམ་བྱ་ཐབས༽༼ལས་བཟོ་བའི་གླ་ཕོགས་དོ་དམ་བྱ་ཐབས༽༼ལས་བཟོ་བ་གཞུང་དོན་དུ་འགྲོ་བ་དང་གྲོན་དངུལ་རྩིས་ཞུའི་གཏན་འབེབས༽༼ལས་བཟོ་བའི་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས༽སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོས་པ་དང་། ནོར་དོན་དང་། གྲོན་དངུལ་རྩིས་རྒྱག དྲ་རྒྱ་ལེགས་སྒྲིག དྲ་རྒྱའི་ཐོན་ཁུངས། སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་གཅིག་སྡུད་དོ་དམ་ཁག་ལྔ་དང་གླ་ཕོགས་སྒྱུར་བཅོས་དང་། ལས་རྗེས་དཔྱད་དཔོག ལས་བཟོའི་ལས་རིགས་གོང་འཕེལ། འགྲན་རྩོད་ལས་ཞུགས། སློབ་གསོ་གསོ་སྦྱོང་སོགས་ལམ་སྲོལ་ཁག་ལྔ་གསར་གཏོད་བྱས་ནས་ཀུང་སིའི་དོ་དམ་གོ་རིམ་ལྡན་པ་དང་མི་སྤྱོད་ལམ་ལུགས་ལ་གཞི་འཛིན་ས་ཡོད་པ་བྱས་ཡོད།

ཀུང་སིར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཏའེ་ཀྲུང་དང་མཱ་པིན་སོགས་མཚོན་བྱེད་དུ་བྱས་པའི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་། དེ་བཞིན་ལས་རིགས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ནས་བོད་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག