མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པའི་སྐུལ་གཏོང་ཚོགས་འདུར་ནན་དུ་བསྟན་དོན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-08 11:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས4ཉིན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པའི་སྐུལ་གཏོང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུར་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བློ་མཐུན་ལིའུ་ཡུན་ཧྲན་དང་། ཀྲའོ་ལེ་ཅི་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད་བསྒྲགས་དང་། ཉམས་མྱོང་བརྗེ་རེས་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཅེས་བསྟན་དོན། ལྗོངས་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་བ་ནས་བཟུང་ལྗོངས་ཡོངས་སུ་རིམ་ཁག་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། གོང་འོག་བར་སློབ་གསོའི་ལག་ལེན་བྱེད་སྒོར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པ་དང་འབྲེལ་བ་ཡོད་པའི་ཚན་པ་དང་མི་སྣས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སློབ་གསོ་དང་སློབ་སྦྱོང་ནན་ཏན་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་དང་། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བཅས་བྱས་པས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་དང་། དེ་དང་ཆབས་ཅིག་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ནན་ཞིང་ཞིབ་ཚགས་པ་དང་། གླེང་ཕྱོགས་དྲིལ་བསྒྲགས་དུས་ཐོག་ཏུ་བྱས་པས་སློབ་གསོ་ལག་ལེན་བྱེད་སྒོ་སྐྱོན་བྲལ་ངང་གཏིང་ཟབ་སྤེལ་བར་སྐུལ་མ་ཐེབས་པ་དང་འགན་ལེན་བྱས་ཡོད།

ཝུའུ་དབྱིང་ཅེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ནན་ཏན་ངང་སློབ་སྦྱོང་དང་། གོ་རིམ་ལྡན་པའི་ངང་སློབ་སྦྱོང་། ཡང་དང་བསྐྱར་དུ་སློབ་སྦྱོང་བཅས་བྱས་ནས་སློབ་གསོའི་ལག་ལེན་བྱེད་སྒོའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། སློབ་གསོའི་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། སློབ་གསོའི་ལག་ལེན་བྱེད་སྒོའི་ནང་ཞུགས་པའི་རང་འགུལ་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ནི་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་གཉིས་པའི་སློབ་གསོ་རྒྱག་ཡུལ་གཙོ་བོ་དང་། བྱེད་སྒོའི་ཐད་ཀའི་སྒྲིག་འཛུགས་མཁན་ཡིན་པར་བརྟེན་ངེས་པར་དུ་རང་འགུལ་ངང་བྱེད་སྒོའི་ནང་ཞུགས་ནས་ཡང་དག་པརཁོང་དུ་ཆུད་པ་ལྔ་ཏན་ཏིག་སྒྲུབ་པ་དང་། གཟབ་ནན་གསུམ་དང་ཏན་ཏིག་གསུམ་གྱི་བླང་བྱ་ནན་ཏན་ངང་ལག་ལེན་དུ་བསྟར་བ། སྤྱོད་ཚུལ་བཞི་དང་།གནད་དོན་གཉིས་ཞན་ས་གཅིག་བཅས་ལ་དམིགས་ནས་ཐག་གཅོད་བཅས་བྱས་ཏེ་ཚད་མཐོའི་ངང་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། གཅིག་ནས་གནད་དོན་གྲལ་བཤེར་ནན་ཏན་བྱེད་པ་དང་། སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱེད་པ། དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པ། ཕྱི་མིག་ཡག་པོ་ལྟ་བ་བཅས་བྱས་ནས་རང་འགུལ་ངང་ཧུར་ཐག་བཙལ་འཚོལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བཙལ་འཚོལ་བྱེད་པ་དང་། གཉིས་ནས་བསྡུར་བཤེར་དཔྱད་ཡིག་གཟབ་ནན་དང་ནན་ཏན་ངང་འབྲི་བ་དང་། རྣམ་གྲངས་རེ་རེ་བཞིན་གནད་དོན་དང་ཞིབ་ཕྲའི་མཚོན་ཚུལ་བཏོན་ནས་འབྱུང་ཁུངས་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་དག་ཐེར་བྱེད་ཕྱོགས་གསལ་སྟོན་བྱེད་པ། གསུམ་ནས་གཞུང་དྲང་ནན་བཅངས་དང་ལྷག་བསམ་ཟོལ་མེད་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་པ། བཞི་ནས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དུ་འཇོག་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྒྲིག་ཡིག་དང་དཔྱད་བསྡུར་དང་། སྤྱོད་གཙང་ཚད་གཞི་དང་དཔྱད་བསྡུར། སྤྱོད་ཚུལ་ལེགས་སུ་གཏོང་བའི་བླང་བྱ་དང་དཔྱད་བསྡུར། མང་ཚོགས་ཀྱི་རེ་སྒུག་དང་དཔྱད་བསྡུར། སྔོན་ཐོན་མིག་དཔེ་དང་དཔྱད་བསྡུར་བཅས་བྱས་ཏེ་སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་དང་། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར། དག་ཐེར་བྱེད་ཞོར་དུ་ལག་བསྟར་བཅས་བྱེད་པ་སོགས་བྱེད་དགོས་ཞེ

མཇུག་མཐར་ཝུའུ་དབྱིང་ཅེས་རིམ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་གཅིག་འདོམས་འཆར་འགོད་དང་། གཅིག་ལྕོགས་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་དེང་སྐབས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སློབ་གསོའི་ལག་ལེན་བྱེད་སྒོ་དེ་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ་དཔལ་འབྱོར་རྒྱུན་བསྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་བསྲིང་ངང་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་ནས་ཕྱོགས་གཉིས་ཀར་དམ་འཛིན་དང་འཐུས་ཤོར་མི་འགྲོ་བ། སྐུལ་མ་གཏོང་བ་དང་ཕན་འབྲས་ཐོབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག