མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མལ་གྲོ་གུང་དཀར་རྫོང་གིས་མ་དངུལ་སྒོར་ཁྲི5697བཏང་སྟེ་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་ལག་བསྟར་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-07 09:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བསྡོམས་རྩིས་ལྟར་ན2013ལོའི་ལོ་མཇུག་བར་དུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་ཐེངས་དགུ་ལ་ལག་བསྟར་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲི5697བཏང་སྟེ་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་ས་ཚིགས206ལག་བསྟར་བྱས་པ་ལས། ཁྱིམ་ཚང8292དང་། མི་ཁྲི5.7། ཕྱུགས་ཟོག་མགོ་གྲངས་ཁྲི16.72བཅས་ཀྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱས།

མལ་གྲོ་གུང་དཀར་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལིན་ཧྲེན་གྱིས་བཤད་རྒྱུར། ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་ལག་བསྟར་བྱས་པ་ལས་སྔོན་ཆད་མང་ཚོགས་རྣམས་ཀྱི་འཐུང་ཆུ་གཙང་མ་མིན་པ་དང་། ཆུ་སྤུས་ཞན་པ། ཆུ་མི་འདང་བ། ཆུ་ལེན་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད་པ་མ་ཟད། རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་པ་རེད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག