མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ6པའི་སྔོན་དུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་བའི་གླ་ཁང1180ལས་འགོ་ཚུགས་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-07 09:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་བདག་ཁོངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང3174གསར་བསྐྲུན་དང་བསྒྱུར་བཀོད་བྱས་ཤིང་། གསར་བསྐྲུན་ལས་གཞི་ཡོད་ཚད་ཟླ6པའི་སྔོན་དུ་ལས་འགོ་ཚུགས་རྒྱུ་རེད། དེའི་ནང་ཁྲེང་ཀོན་ཆུས་དང་། སྟག་རྩེ་རྫོང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་། ཆུ་ཤུར་རྫོང་བཅས་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང1394བསྒྱུར་བཀོད་བྱེད་པ་སོགས་འདུས། ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་དེ་མིན་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱིས་སྤྱི་བའི་གླ་ཁང1180གསར་དུ་བསྐྲུན་རྒྱུ་ཡིན་ཞིང་། ཁོར་རྒྱུག་སྡོད་ཁང600བསྒྱུར་བཀོད་དང་ཞིག་གསོ་བྱེད་རྒྱུ་ཡིན་ཏེ། ལྷ་ས་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུའུ་དང་འགན་སྲུང་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། སྤྱིལ་ཁྱིམ་ཁུལ་བཟོ་བཅོས་བྱེད་པའི་ལས་གཞི་དེ་ཚོད་རྩིས་ལྟར་ན་སང་ལོའི་ཟླ7པར་ལེགས་འགྲུབ་འབྱུང་རྒྱུ་ཡིན་ཞིང། གསར་བསྐྲུན་བྱེད་བཞིན་པའི་སྤྱི་བའི་གླ་ཁང་དེ་ད་ལོའི་ལོ་མཇུག་ཏུ་གཙོ་གནད་བཟོ་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་ཟེར།

དེ་ལས་གཞན་གསར་འགོད་པས་ད་དུང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཟླ་དཀྱིལ་བར་དུ་ལྷ་ས་གྲོང་ཁྱེར་གྱིས་བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་འགན་སྲུང་སྡོད་ཁང་གི་ལས་གཞི་ཡོད་ཚད་ལས་འགོ་ཚུགས་ཤིང་། 2014ལོར་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རིགས་སོ་སོའི་འགན་སྲུང་སྡོད་ཁང2195འཛུགས་བསྐྲུན་བྱེད་བཞིན་ཡོད་ཅིང་། འཛུགས་སྐྲུན་ལས་གཞི་ལ་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་དང་སྤྱི་བའི་གླ་ཁང་འཛུགས་སྐྲུན་བྱེད་པ་བཅས་རིགས་གཙོ་བོ་གཉིས་འདུས། དེའི་ཁྲོད་ཁྲེང་ཀོན་ཆུས་ཀྱིས་སྤྱིལ་ཁྱིམ་ཁུལ1000བསྒྱུར་བཀོད་བྱས་ཤིང་། ཚོད་དཔག་ལྟར་ན་སང་ལོའི་ཟླ7པར་མཇུག་སྒྲིལ་རྒྱུ་ཡིན་པ་དང་། བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་སྤྱི་བའི་གླ་ཁང1195ཁྲོད་མང་ཆེ་བ་ད་ལོའི་ཟླ7པར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག