མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་གྲོང་ཚོའི་ལས་བྱེད་པར་གསོ་སྦྱོང་བྱེད་པའི་བྱ་བ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-07 09:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2014ལོར་ནག་ཆུ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་ལས་བྱེད་པར་གསོ་སྦྱོང་བྱེད་པའི་བྱ་བ་དེ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ས་ཁུལ་ཡོངས་ཀྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྡོད་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི6331གསོ་སྦྱོང་ལ་དང་ལེན་བྱས་པ་དང་། གསོ་སྦྱོང་བྱ་བ་དེ་ས་ཁུལ་དང་། རྫོང་། ཤང་བཅས་སུ་དུས་མཚུངས་སུ་སྤེལ་བཞིན་ཡོད།

རྒྱུས་ལོན་ལྟར་ན་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོ་ལ་མི་རིགས་མཐུན་སྒྲིལ་སློབ་གསོ་དང་། དམངས་ཕན་སྲིད་ཇུས་སློབ་གསོ། ཁྲིམས་ལུགས་ཁྲིམས་སྲོལ་སློབ་གསོ་སོགས་འདུས། གསོ་སྦྱོང་གོ་རིམ་ཁྲོད་གྲོང་ཚོའི་ལས་བྱེད་པའི་གསོ་སྦྱོང་བྱ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཉིས་ཟུང་འབྲེལ་བྱས་པ་མ་ཟད། ཨུ་ཡོན་ལྷན་ཁང་གཉིས་སྐབས་བརྗེས་བའི་བྱ་བ་དང་ཟུང་འབྲེལ་བྱས་ཡོད་དེ། རིགས་དབྱེ་ནས་སློབ་གསོ་ལག་བསྟར་བྱེད་པ་དང་། མི་སྣ་ཡོངས་རྫོགས་ལ་གསོ་སྦྱོང་བྱེད་པ། དོན་དངོས་ལ་བསྟུན་ཞིང་ཕན་ནུས་ལྡན་པ་བཅས་ཀྱི་བླང་བྱ་དམིགས་ཏེ་གསོ་སྦྱོང་བྱ་བ་ས་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག