མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྨན་བཅོས་བཅོས་སྒྱུར་ལེགས་བསྒྱུར་བྱེད་པ་ལས་རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-06 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་འཕྲོད་བསྟེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་བྱ་བ་གཙོ་བོ་འབར་དུ་ཐོན་ཏེ་དངོས་འབེབས་གཙོར་བཟུང་ནས། ཡུལ་བབ་དང་སྟུན་ནས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་བྱེད་པའི་བྱ་བ་སོ་སོར་སྐུལ་འདེད་བཏང་བས། དམངས་འཚོ་བྱ་བར་ཕན་ནུས་ལྡན་པའི་ངང་ནས་འགན་སྲུང་དང་ལེགས་བཅོས་བྱས།

བོད་ལྗོངས་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་ཕུར་བུ་སྒྲོལ་མས་བཤད་རྒྱུར། མིག་སྔར་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་བྱེད་པའི་བྱ་བ་དེ་རྨང་གཞི་བསྐྲུན་པ་ནས་སྤུས་ཚད་ཇེ་མཐོར་གཏོང་བ་དང་། གཞི་སྒྲོམ་བཟོ་བ་ནས་ལམ་ལུགས་འཛུགས་པ། འཚོལ་ཞིབ་བྱེད་པ་ནས་ཡོངས་སུ་སྐུལ་འདེད་གཏོང་བའི་ཕྱོགས་སུ་སྒྱུར་བའི་གནད་འགག་གི་དུས་མཚམས་ལ་སླེབས་ཡོད་པས། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་བྱ་བ་ཡོངས་སུ་གཏིང་ཟབ་ཏུ་གཏོང་བའི་ལོ་ཡིན་པའི་ཆ་ནས། ད་ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་བྱས་པའི་བླང་བྱ་ལྟར། བོད་ལྗོངས་ཀྱིས་སྨན་བཅོས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་གཏོང་བའི་ལས་འགན་སོ་སོ་ཡོངས་སུ་དངོས་འབེབས་བྱེད་རྒྱུ་རེད།

ངོ་སྤྲོད་ལྟར་ན། ན་ནིང་ཁོ་ནར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར6བཀོད་སྒྲིག་བྱས་ཏེ། འཕྲོད་བསྟེན་ཐད་ཀྱི་རྨང་གཞི་སྒྲིག་ཆས་ཇེ་ལེགས་སུ་བཏང་ཞིང་། གྲོང་རྡལ་གྱི་འཕྲོད་བསྟེན་ཁང88དང་། འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས2ཚད་ལྡན་ཅན་དུ་བསྐྲུན་པ། དེ་མིན་རྫོང་རིམ་པའི་མྱུར་སྐྱོབ་སྡེ་ཁག29བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས།

ཕུར་བུ་སྒྲོལ་མས་བཤད་རྒྱུར། 2020ལོར་སླེབས་དུས། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་གྲོན་དངུལ་སྒོར100རེ་ཡན་ལ་སླེབས་རྒྱུ་ཡིན་ཞིང་། སྐབས་དེར་གྲོང་ཁྱེར་དང་ཞིང་སྡེའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་བར་ཁྱད་སྔར་ལས་ལྷག་པའི་སྒོ་ནས་ཇེ་ཆུང་སུ་འགྲོ་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག