མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་ནགས་ལས་ཕྱོགས་ཀྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར2.5བཏང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-06 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། བོད་ལྗོངས་ཀྱི་ནགས་ལས་སྡེ་ཁག་གིས་སྐྱེ་ཁམས་ལ་བརྟེན་ནས་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ནགས་ལས་འཕེལ་རྒྱས་སུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་བླང་བྱ་སྤྱི་ལ་དམིགས་ནས། དངོས་འབེབས་བྱ་བ་གཙོ་གནད་དུ་བཟུང་བས། བྱ་བ་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་ས་ཁུལ་སོ་སོས་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱ་བར་མཐོང་ཆེན་གནང་སྟེ། ཟླ3པའི་ཚེས31ཉིན་བར་དུ། ལྗོངས་ཡོངས་ཀྱིས་བསྡོམས་པས་ནགས་ཚལ་མུའུ་ཁྲི15.7བསྐྲུན་པ་དང་། ལོ་ཧྲིལ་བོའི་འཆར་གཞིའི13.83%ཟིན། དེའི་ནང་མི་ཐབས་ལ་བརྟེན་ནས་ནགས་ཚལ་མུའུ་ཁྲི10.35བསྐྲུན་པ་དང་། ལོ་ཧྲིལ་བོའི་འཆར་གཞི་ཡི26.92%ཟིན། རི་བཀག་ནགས་གསོ་བྱེད་ཚད་མུའུ་ཁྲི5.35ལེགས་འགྲུབ་བྱུང་ཞིང་། ལོ་ཧྲིལ་བོའི་འཆར་གཞི་ཡི7.12%བཅས་ཟིན།

ད་ལོའི་ཟླ1པོ་ནས་བཟུང་། ས་ཁུལ་སོ་སོའི་ནགས་ལས་ཅུའུ་ཡིས་ནགས་ལས་བཟོ་སྐྲུན་སོ་སོའི་ལས་གཞི་ལས་འགོ་ཚུགས་པའི་གྲ་སྒྲིག་བྱ་བ་ལེགས་པར་སྒྲུབ་ཏེ། དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་ནགས་ལས་ཕྱོགས་ཀྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར2.5བཏང་བ་ལེགས་འགྲུབ་བྱུང་ཞིང་། དེ་ལས་བོད་ལྗོངས་ཀྱི་འགོག་སྲུང་ནགས་དང་། རྨོ་བསྐྱར་ནགས་སྐྱོང་། བྱེ་འགོག་བྱེ་བཅོས། རང་བྱུང་ནགས་ཚལ་སྲུང་སྐྱོང་། ཟི་ལིང་མཚོ་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ནགས་ཚལ་མེ་འགོག ནགས་ཚལ་གནོད་ལྡན་སྐྱེ་དངོས་སྔོན་འགོག་སོགས་ནགས་ལས་བཟོ་སྐྲུན་རྣམ་གྲངས་བཅུ་འཛུགས་སྐྲུན་བྱེད་པའི་བྱ་བར་ཁག་ཐེག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག