མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྔ་གཅིག་དུས་ཆེན་སྐབས་སུ་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི14.23སྣེ་ལེན་བྱས།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-05-05 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གནས་སྐོར་བ་ཧ་ཅང་མང་བའི་དུས་ཚིགས་སླེབས་པ་དང་བསྟུན་ནས། ལྷ་སའི་གནས་སྐོར་ཚོང་ར་རིམ་བཞིན་དར་འཕེལ་བྱུང་། ཚེས4ཉིན་གྱི་ཕྱི་དྲོ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི14.23སྣེ་ལེན་བྱས་ཤིང་། 2013ལོའི་དུས་མཉམ་དང་བསྡུར་ན20.36%འཕར་ཡོད། དེའི་ནང་ཞག་སྡོད་གནས་སྐོར་བ་མི་ཐེངས་ཁྲི4.47སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས23.46%འཕར། ཉིན་གཅིག་ཅན་གྱི་གནས་སྐོར་བ་མི་ཐེངས་ཁྲི9.76སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས19%འཕར་ཡོད་དེ། གནས་སྐོར་ཡོང་སྒོ་སྒོར་ཁྲི7861.75མངོན་འགྱུར་བྱས་ཤིང་ལོ་སྔོན་མའི་དུས་མཉམ་ལས30.03%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག