མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་བོད་ལྗོངས་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-05 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཟླ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དང་པོ་དང་ཚོ་ཆུང་གཉིས་པ། ཚོ་ཆུང་གསུམ་པ། ཚོ་ཆུང་བཞི་བ་བཅས་ཀྱིས་ཁག་བགོས་ནས་གཞིས་ཀ་རྩེ་ས་ཁུལ་གྱི་པ་སྣམ་རྫོང་དང་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་། ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐང་བཅས་སུ་སྐོར་གཟིགས་གནང་། གནས་ཚུལ་དེ་ལས་བོད་ལྗོངས་ཀྱི2014ལོའི་སྐོར་གཟིགས་ལས་དོན་ཡོངས་སུ་སྤེལ་འགོ་བརྩམས་པ་མཚོན་པ་རེད།

སྐོར་གཟིགས་བྱེད་པའི་རིང་ལ། སྐོར་གཟིགས་རྩ་འཛུགས་གྱིས་སྙན་ཞུ་ལ་ཉན་པ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ། མང་ཚོགས་ཀྱི་འཕྲིན་ཡིག་དང་ཁ་པར། འཚམ་འདྲི་སོགས་དང་ལེན་བྱེད་པ། བཞུགས་མོལ་གྲོས་ཚོགས་འཚོགས་པ། སྒེར་ངོས་ནས་གཏམ་གླེང་བྱེད་པ། འབྲེལ་ཡོད་ཡིག་ཆ་ལྟ་ཀློག་བྱེད་པ། དམངས་གཙོའི་དཔྱད་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ལས་དོན་གཉེར་དགོས། ཆེད་ལས་རང་བཞིན་ཅུང་དྲག་པ་དང་དམིགས་བསལ་གནད་དོན་གལ་ཆེན་ཐད་ལ་རྒྱུས་ལོན་བྱས་ནས། འབྲེལ་ཡོད་ལས་སྒྲུབ་སྡེ་ཁག་དང་ཆེད་ལས་སྡེ་ཁག་གདན་དྲངས་ནས་རོགས་འདེགས་བྱེད་དགོས། དུས་མཚུངས་སུ། དབུ་ཁྲིད་རིམ་པའི་གནས་ཚུལ་རྒྱུས་ལོན་བྱས་ནས། དགོས་མཁོ་ཆེ་བའི་སྐབས་སུ་ལྐོག་ཏུ་བཅར་འདྲི་བཅས་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། སྐོར་གཟིགས་པའི་ནུས་པ་གང་ལེགས་འདོན་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག