མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་བཅུའི་རིང་ལ་བོད་ལྗོངས་ཀྱིས་སྐྱེ་ཁམས་སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར145ལྷག་དངོས་འབེབས་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-04 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ལོ་བཅུ་ཡི་རིང་ལ་བོད་ལྗོངས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་སྐྱེ་ཁམས་སྐྱིན་གསབ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར145.57དངོས་འབེབས་བྱས་ཤིང་། སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མངོན་གསལ་བླངས་ཡོད”ཅེས་པ་འདི་ནི་གསར་འགོད་པས་ཚེས3ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།

རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་ཐིན་ཀྲང་འཇམ་དཔལ་གྱིས་བཤད་རྒྱུར། 2004ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལྗོངས་ཀྱི་སྐྱེ་ཁམས་སྐྱིན་གསབ་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ན་ནིང་ལོ་མཇུག་བར་བོད་ལྗོངས་ཀྱིས་སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར46.11དངོས་འབེབས་བྱས་ཏེ་ནགས་ཚལ་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་ཐད་བེད་སྤྱོད་བྱས་ཤིང་། སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར64.35དངོས་འབེབས་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་རོགས་དངུལ་སྟེར་རྒྱུར་བེད་སྤྱོད་བྱས། དེ་མིན་མ་དངུལ་སྒོར་དུང་ཕྱུར35.11སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་སྤོ་སྒྱུར་བྱེད་པའི་ཐད་བེད་སྤྱོད་བྱས་པ་རེད།

ངོ་སྤྲོད་ལྟར་ན། ད་ལྟ་བོད་ལྗོངས་ཀྱི་ནགས་ཚལ་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1471.56ལ་སླེབས་ཡོད་པ་དང་། ནགས་ཚལ་ཁྱབ་ཚད11.98%ལ་སླེབས། ལྗོངས་ཡོངས་ཀྱི་རང་བྱུང་རྩྭ་ས་མུའུ་དུང་ཕྱུར12.3%ཡོད་པ་དང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི68%ཟིན།

འཇམ་དཔལ་གྱིས་བསྟན་དོན། རྗེས་ཕྱོགས་བོད་ལྗོངས་ཀྱིས་མུ་མཐུད་དུ་ཕྱོགས་ཡོངས་ནས་སྐྱེ་ཁམས་སྐྱིན་གསབ་བྱ་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་ངང་སྐྱེ་ཁམས་སྐྱིན་གསབ་མ་དངུལ་དངོས་འབེབས་བྱས་ནས། བོད་ལྗོངས་ཀྱི་ཆུ་དྭངས་མོ་དང་གནམ་སྔོན་པོ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་པ་མ་ཟད། མི་དམངས་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སེམས་ཤུགས་བསྐྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག