མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི5.8ལས་བརྒལ་ཡོད་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2014-05-04 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེའི་གཞུང་ལམ་སྟབས་བདེ་མིན་པའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཞིང་སྡེའི་གཞུང་ལམ་ཐད་མ་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་། 2013ལོའི་ལོ་མཇུག་བར་དུ་། བོད་ལྗོངས་ཞིང་སྡེའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི5.8ལྷག་ལ་སླེབས་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཤང(གྲོང་རྡལ)682ཡི་སྲིད་འཛིན་གྲོང་ཚོ5261ཁྲོད། ཤང(གྲོང་རྡལ)680དང་སྲིད་འཛིན་གྲོང་ཚོ5125ལ་གཞུང་ལམ་བཏང་བ་དང་། གཞུང་ལམ་གཏོང་ཚད་སོ་སོ་ནས99.7%དང97.4%ལ་སླེབས་ཡོད་པ་རེད། དེ་མིན་བོད་ལྗོངས་ཀྱི་རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་ཁྱབ་ཚད98.6%ལ་སླེབས་ཡོད་པ་དང་། འགྲུལ་སྐྱེལ་ས་ཚིགས་གྲོང་རྡལ་དུ་ཁྱབ་ཚད56%ལ་སླེབས་ཡོད།

བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་བཀྲ་ཤིས་རྒྱ་མཚོ་ཡིས་བཤད་རྒྱུར། “ཞིང་སྡེའི་གཞུང་ལམ་ཇེ་མང་དུ་སོང་བ་དང་བསྟུན་ནས་སྔོན་ཆད་ཀྱི་རྐང་ལམ་ཡོད་ཚད་སྣུམ་ལམ་དུ་གྱུར་ཡོད་དེ། ད་ལོ་དང་སང་ལོར་བོད་ལྗོངས་ཀྱིས་མུ་མཐུད་དུ་གཞུང་ལམ་འགྲིམ་འགྲུལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། 2015ལོར་སླེབས་དུས། ཆ་རྐྱེན་དང་མཐུན་པའི་སྲིད་འཛིན་གྲོང་ཚོ་རུ་གཞུང་ལམ་གཏོང་ཚད100%ལ་སླེབས་རྒྱུ་དང་། 2020ལོར་སླེབས་དུས་གྲོང་རྡལ100%དང་སྲིད་འཛིན་གྲོང་ཚོ50%ལ་སྣུམ་སྙིགས་ལམ་བུ་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན”ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག