མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་བརྒྱད་པའི་བོད་ལྗོངས་ཀྱི་ཤིང་པདྨ་སེར་པོ་ཏེ་བོད་སྨན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཟླ་མཇུག་ཏུ་སྤེལ་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-04 09:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བརྒྱད་པའི་བོད་ལྗོངས་ཀྱི་ཤིང་པདྨ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཚེས28ཉིན་རྒྱལ་ཁབ་ཀྱི་རིམ་པ4Aཅན་གྱི་མཛེས་ལྗོངས་ཁུལ་ཏེ་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གནས་ཡུལ་ཕུའི་མཛེས་ལྗོངས་ཁུལ་གྱི་རྩ་ཀོང་རོང་དུ་གཟབ་རྒྱས་ངང་སྤེལ་འགོ་རྩོམ་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བས་ཤིང་པདྨ་སེར་པོའི་དྲི་བཞིན་རོལ་མྱོང་ཐུབ་པ་མ་ཟད། བོད་སྨན་གྱི་ལོ་རྒྱུས་ཀྱང་རྒྱུས་ལོན་བྱེད་ཐུབ། དེ་དང་ཆབས་ཅིག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ལྷོ་པ་རིགས་ཀྱི་དམངས་སྲོལ་རིག་གནས་ཉམས་སུ་མྱོང་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག