མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་བཟོ་ལས་འཕར་ཚད་སྒོར་དུང་ཕྱུར8.48ལེགས་འགྲུབ་བྱུང་བ་དང་དུས་མཉམ་ལས4.1%འཕར་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2014-05-04 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་བཟོ་ལས་འཕར་ཚད་སྒོར་དུང་ཕྱུར8.48ལེགས་འགྲུབ་བྱུང་ཞིང་། ལོ་སྔོན་མའི་དུས་མཉམ་ལས4.1%འཕར་ཡོད་དེ། བཟོ་ལས་བརྟན་རླིང་བདེ་འཇགས་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།

གཞི་གྲངས་ལྟར་ན། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཚད་སྒོར་དུང་ཕྱུར4.83མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས0.3%འཕར།

རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་བོད་ལྗོངས་ཡོངས་ཀྱི་བཟོ་ལས་ཐད་ཀྱི་དངུལ་གཏོང་ལོ་སྔོན་མའི་རྒྱུན་མཐུད་དེ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང་། གཞི་གྲངས་ལྟར་ན། ཟླ1པོ་ནས་ཟླ2པ་ཁོ་ནར། བཟོ་ལས་ཐད་ལག་བསྟར་བྱེད་བཞིན་པའི་རྣམ་གྲངས12ཡོད་པ་དང་། དེའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས2ཡོད། བཟོ་ལས་ཐད་མ་དངུལ་གཏོང་ཚད་སྒོར་ཁྲི7468ལེགས་འགྲུབ་བྱུང་ཞིང་ལོ་སྔོན་མའི་དུས་མཉམ་ལས87.2%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག