མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བློ་བདེའི་ཞིང་སྤྱོད་དངོས་རྫས་གཤམ་སྐྱོད་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-02 13:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྗོངས་ཡོངས་ཀྱི་བློ་བདེའི་ཞིང་སྤྱོད་དངོས་རྫས་གཤམ་སྐྱོད་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་དེ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཤང་མདའ་ཐང་གྲོང་ཚོར་སྤེལ་བ་དང་། ད་རེས་ཀྱི་བྱེད་སྒོ་དེ་བློ་བདེའི་ཞིང་སྤྱོད་དངོས་རྫས་གཤམ་སྐྱོད་ཐོག་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས་དྲིལ་བསྒྲགས་དང་བཅར་འདྲི། སྦྱོང་བརྡར། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་སོགས་བྱས་ཡོད་པ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་མདའ་ཐང་གྲོང་ཚོར་ཁྱོན་རིན་ཐང་སྒོར་ཁྲི4ཙམ་ཟིན་པའི་རྫས་ལུད་དང་སོན་བཟང་སོགས་བློ་བདེའི་ཞིང་སྤྱོད་དངོས་རྫས་སྤྲད་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་ཚན་པས་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ། ཞིང་སྤྱོད་དངོས་རྫས་གཤམ་སྤྲོད་བྱེད་པའི་ཁྲོད་ཐོན་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་དང་རྡུང་རྡེག་ཚ་ནན་བཏང་ནས། རང་ལྗོངས་ཀྱི་ཞིང་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག