མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས58གཉེར་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།  2014-05-01 20:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་གྲས་གསར་རྩོམ་འཁྲབ་སྟོན་གྱི་སྦྱོང་བརྡར་འཛིན་གྲྭ་ཐེངས58པ་ཉེ་དུས་གཉེར་འགོ་ཚུགས་པ་རེད། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭའི་དུས་ཡུན་ཉིན་བཅུ་ཡིན་པ་དང་། རང་ལྗོངས་ཀྱི་གྲགས་ཅན་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་རྒན་ཐུབ་བསྟན་ལགས་དང་། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་བཀྲ་ཤིས་དོན་གྲུབ་ལགས་སོགས་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་གྲས་གསར་རྩོམ་འཁྲབ་སྟོན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ནས་ཡོང་བའི་དགོད་བྲོའི་གཏམ་གླེང་དང་། འཁྲན་ཚན་ཐུང་གྲས་གྱི་གསར་རྩོམ་འཁྲབ་སྟོན་པར་འཁྲབ་ཚན་ཐུང་གྲས་གྱི་གསར་རྩོམ་དང་འཁྲབ་ཚན་ཐུང་གྲས་འཁྲབ་སྟོན། དགོད་བྲོའི་གཏམ་གླེང་གི་འཁྲབ་སྟོན། འཁྲབ་ཁྲིད་སོགས་ཐད་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག