མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ་བ་རྗེས་མར་བོད་ལྗོངས་ཀྱིས་བྱིས་པའི་མཁོ་ཆས་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-01 20:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བྱིས་པའི་རྩེད་ཆས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། ཟླ་བ་ལྔ་པར་རང་སྐྱོང་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཀྱིས་བྱིས་པའི་མཁོ་ཆས་གཙོ་གནད་དུ་བྱས་ཏེ་རྒྱུན་མཁོའི་འཛད་སྤྱོད་དངོས་རྫས་ལ་ཆེད་དོན་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། འཛད་སྤྱོད་པས་གལ་ཏེ་རྩེད་ཆས་ལ་ཐོན་རྫས་ཀྱི་སྤུས་ཚད་དམ་བདེན་མིན་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ་སྤུས་ཚད་ལྟ་ཞིབ་ཚན་པའི་ཐད་སྦྲེལ་ཁ་པར་ཨང་གྲངས12365བརྒྱུད་ནས་ཐེར་འདོན་བྱས་ཆོག

“ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་རིང་། བྱིས་པའི་རྩེད་ཆས་ཁྲོམ་ར་དེ་བས་འཁྲུག་ཏུ་འགྲོ་བ་དང་ཁྱིམ་བདག་མི་ཉུང་བ་ཞིག་གིས་བྱིས་པར་སྤྲོ་སྣང་ལྡན་པའི་རྩེད་ཆས་གདམས་ག་བྱེད་དུ་འཇུག་གི་ཡོད། འོན་ཀྱང་ཁྲོམ་རའི་ཐོག་གི་བྱིས་པའི་རྩེད་ཆས་འདྲ་མིན་གྱིས་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཡང་སྙིང་རྩེད་ཆས་གང་ཞིག་ཉོ་དགོས་མིན་ཤེས་ཀྱི་མེད།”ཅེས་རང་སྐྱོང་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་སྟོན་པ་དང་། བྱིས་པའི་རྩེད་ཆས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད་ཟླ་བ་ལྔ་པར་རང་སྐྱོང་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཀྱིས་བྱིས་པའི་མཁོ་ཆས་གཙོ་གནད་དུ་བྱས་ཏེ་རྒྱུན་མཁོའི་འཛད་སྤྱོད་དངོས་རྫས་ལ་ཆེད་དོན་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། འཛད་སྤྱོད་པས་གལ་ཏེ་རྩེད་ཆས་ལ་ཐོན་རྫས་ཀྱི་སྤུས་ཚད་དམ་བདེན་མིན་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ་སྤུས་ཚད་ལྟ་ཞིབ་ཚན་པའི་ཐད་སྦྲེལ་ཁ་པར་ཨང་གྲངས12365བརྒྱུད་ནས་ཐེར་འདོན་བྱས་ཆོག

ཉེ་དུས་གསར་འགོད་པས་འདྲི་རྩད་བྱས་ནས་ཤེས་རྟོགས་བྱུང་བར། ཁྲོམ་རའི་ཐོག་གི་རྩེད་ཆས་འགའ་ཤས་ཀྱི་ཐུམ་སྒྲིལ་སྟབས་བདེ་ཡིན་པ་མ་ཟད3Cངོས་འཛིན་གྱིད་མཚོན་རྟགས་ཡང་མེད། ཉང་བྲན་ལམ་གྱི་རྩེད་ཆས་ཆུང་གྲས་ཚོང་གཉེར་ཁང་ཞིག་གི་རྩེད་ཆས་འགའ་ཤས་དྭངས་གསལ་སྤོས་འགྱིག་ཁུག་མས་ཐུམ་སྒྲིལ་མདོར་བསྡུས་བྱས་པ་མ་ཟད་ཐུམ་སྒྲིལ་གྱི་ཕྱི་ངོས་སུ་ཐོན་སྐྱེད་བཟོ་གྲྭ་དང་བཟོ་གྲྭའི་གནས་ཡུལ་སོགས་ཀྱི་ཆ་འཕྲིན་མེད་ལ་ཉེན་ཟོན་མཚོན་རྟགས་དང་བེད་སྤྱོད་འཚམ་པའི་ལོ་ཚད་ཁྱབ་ཁོངས་སོགས་ཀྱང་མེད་པ་རེད།

གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་བར། རྩེད་ཆས་འགའ་ཤས་ཀྱི་ཤོག་བྱང་ཐོག་རྒྱུ་སྤུས་ལ་འགྱིག་ཁོ་ན་མ་གཏོགས་མེད་ལ། རྩེད་ཆས་འགའ་ཤས་ལ་ཐ་ན་རྒྱུ་སྤུས་ཀྱི་རིགས་ཀྱང་བཀོད་མེད་པ་རེད། ཁྱིམ་བདག་མི་ཉུང་བས་རྩེད་ཆས་འདེམས་ཉོ་བྱེད་སྐབས་ཕལ་ཆེ་བས་རྩེད་ཆས་ཀྱི་ཕྱིའི་རྣམ་པ་དང་ཚོན་མདོག་ལ་དོ་སྣང་བྱེད་པ་ལས་ཐོན་རྫས་ཀྱི་བདེ་འཇགས་གནད་དོན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། རྩེད་ཆས་གང་འདྲ་ཞིག་ཡིན་རུང་ཕྲུ་གུས་དགའ་པོ་ཡོད་ཚེ་ཁྱིམ་བདག་ཚོས་ལམ་སེང་ཉོ་བ་ལས3Cངོས་འཛིན་སོགས་ལ་རྒྱུས་མངའ་གཏན་ནས་བྱེད་ཀྱི་མེད་པ་རེད།

རང་སྐྱོང་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་མིག་སྔར་རང་རྒྱལ་གྱིས་བྱིས་པའི་མཁོ་ཆས་ལ3Cངོས་འཛིན་ལག་བསྟར་བྱེད་ཀྱི་ཡོད་པ་དང་། གཙོ་བོ་བྱིས་པའི་རླངས་འཁོར་དང་། གློག་སྒུལ་རྩེད་ཆས། སྤོས་འགྱིག་རྩེད་ཆས། ལྕགས་རིགས་རྩེད་ཆས་བཅས་རིགས་དྲུག་ཚུད་ཡོད་པ་མ་ཟད། ངོས་འཛིན་དང་འབྲེལ་བའི་རྩེད་ཆས་གཏན་འབེབས་བྱས་ཡོད།

3Cངོས་འཛིན་མ་བྱུང་བ་གཅིག་ཀྱང་ཚོང་གཉེར་བྱས་མི་ཆོག“དེར་བརྟེན། ཁྱིམ་བདག་ཚོས་བྱིས་པའི་རྩེད་ཆས་འདེམས་ཉོ་གནང་སྐབས་དང་ཐོག་རྩེད་ཆས་ཀྱི་ཆ་ཚང་རང་བཞིན་ལ་ཞིབ་བཤེར་བྱ་དགོས་ལ། 3Cངོས་འཛིན་མཚོན་རྟགས་ཡོད་མེད་དང་། རྩེད་ཆས་ཐོག་གི་ཆ་ལག་ཆུང་གྲས་ལ་ཡིད་གཟབ་བཅས་བྱས་ཏེ་ཉེན་ཁའི་གནས་ཚུལ་མི་ཐོན་པ་བྱ་དགོས”ཅེས་གསུངས། “དྲུག་གཅིག་བྱིས་པའི་དུས་ཆེན་མ་སླེབས་གོང་། ང་ཚོས་གློག་གི་རྩེད་ཆས་དང་བྱིས་པའི་རླངས་འཁོར། བྱིས་པའི་རླངས་འཁོར་གྱི་རྐུབ་སྟེགས། འཇིབ་རུ་སོགས་གཙོ་གནད་དུ་བྱས་ནས་རྒྱུན་མཁོའི་འཛད་སྤྱོད་ཐོན་རྫས་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། གཙོ་གནད་ཐོག་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་ལྡན་ཐོན་རྫས་དང་དུག་ཡོད་གནོད་ཡོད་ཀྱི་ཚད་འགལ་དངོས་ཟོག བཙན་ཤེད་རང་བཞིན་གྱི3Cངོས་འཛིན་མ་ཐོབ་པ་དང་། ངོས་འཛིན་གྱི་ཁྱབ་ཁོངས་ལས་ཚད་འགལ་ཐོན་སྐྱེད་བྱེད་པ་སོགས་ལ་རྡུག་རྡེག་བྱ་རྒྱུ་རེད”ཅེས་འགན་འཁུར་མི་སྣ་དེས་བརྗོད། སྔོན་ཆད་ཀྱི་ཞིབ་བཤེར་འབྲས་བུར་གཞིགས་ན། མིག་སྔར་ཚོང་ར་ཆེ་གྲས་དང་རང་འདེམས་ཚོང་རར་ཚོང་གཉེར་བྱེད་པའི3Cངོས་འཛིན་དཀར་ཆག་ནང་གི་རྩེད་ཆས་ཚང་མར3Cངོས་འཛིན་གྱི་མཚོན་རྟགས་སྦྱར་ཡོད་པས་སྤུས་ཚད་འགན་ལེན་ཡོད་པ་རེད། འོན་ཀྱང་ཚོང་ཁང་ཆུང་ཆུང་འགའ་ཤས་ནས་ཚོང་གཉེར་བྱེད་པའི་རྩེད་ཆས་ཀྱི་སྤུས་ཚད་བཟང་ངན་མཉམ་འདུས་ཡིན་པས་ཁྱིམ་བདག་ཚོས་ཉོ་སྒྲུབ་བྱེད་སྐབས་ངེས་པར་དུ་ཡིད་གཟབ་བྱ་དགོས། འགན་འཁུར་མི་སྣ་དེས་རྒྱ་ཆེའི་འཛད་སྤྱོད་པར་འཛད་སྤྱོད་སྐབས་རྩེད་ཆས་ལ་ཐོན་རྫས་ཀྱི་སྤུས་ཚད་དམ་བདེན་མིན་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ་སྤུས་ཚད་ལྟ་ཞིབ་ཚན་པའི་ཐད་སྦྲེལ་ཁ་པར་ཨང་གྲངས12365བརྒྱུད་ནས་ཐེར་འདོན་བྱས་ཆོག་པའི་དྲན་སྐུལ་བྱས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག