མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་གཙོ་གནད་རིག་དངོས་དག་ཁྱོན་ཡོངས་ནས་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-01 20:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ15ཙམ་ནང་། རིམ་བརྩིས་བྱས་ན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར20ལྷག་བཏང་སྟེ་བོད་ཀྱི་རིག་དངོས་ཉམས་བཟོ་དང་སྲུང་སྐྱོབ་བྱས་པ་དང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་སོགས་གཙོ་གནད་རིག་དངོས་འབོར་ཆེན་ཞིག་ཁྱོན་ཡོངས་ནས་སྲུང་སྐྱོབ་གང་ལེགས་བྱེད་ཐུབ་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས། ཉེ་བའི་ལོ་ཤས་ནང་། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ལོ་ལྔ་ཚན་གྱི་འཆར་གཞི་བཅུ་པའི་རིང་མ་དངུལ་སྒོར་དུང་ཕྱུར3.8བཏང་སྟེ། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ས་སྐྱ་དགོན་པ་བཅས་གཙོ་གནད་རིག་དངོས་ཆེན་པོ་གསུམ་སྲུང་སྐྱོབ་དང་ཉམས་བཟོའི་ལས་གཞི་ལག་བསྟར་བྱས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པའི་རིང་མ་དངུལ་སྒོར་དུང་ཕྱུར5.7བཏང་སྟེ། བོད་ལྗོངས་ཀྱི་རིག་དངོས་གནས་ས22སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་སླར་ཡང་དངུལ་སྒོར་དུང་ཕྱུར10.9བཀོད་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་གཙོ་གནད་ལོ་རྒྱུས་གནས་ཤུལ་དང་། དངོས་མང་བཤམས་མཛོད་ཁང46ཉམས་བཟོ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། བོད་ཀྱི་རིག་དངོས་ཉམས་བཟོ་དང་སྲུང་སྐྱོབ་ཀྱི་རྣམ་གྲངས་ལྡབ་གཅིག་ལྷག་མང་དུ་ཕྱིན་ཡོད་པ་དང་། མ་དངུལ77%མང་དུ་བཏང་ཡོད་ཅིང་། མིག་སྔར་རིག་དངོས་ཉམས་བཟོ་དང་སྲུང་སྐྱོབ་ཀྱི་རྣམ་གྲངས46ལག་བསྟར་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག