མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-01 20:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། གཞི་རིམ་གྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཤུགས་རྒྱག་ས་བཞི་དང་བསྟུན་ནས། ཞིང་འབྲོག་ཁུལ་གྱི་མཉེན་ཆས་དང་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ་ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་སྐྲུན་མགྱོགས་སུ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤུགས་རྒྱག་ས་དང་པོ་ནི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་ཡིན་པ་དང༌། གྲོང་གསེབ་དུད་ཚང3850ཡི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཟོའི་ལས་གཞི་ལེགས་སྒྲུབ་བྱས་པ་དང༌། ཞིང་འབྲོག་མང་ཚོགས་དུད་ཚང2192ཀྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི327ལེགས་སྒྲུབ་བྱས་པ། རྫོང11གི་རྫོང་གྲོང་གི་ཆུ་མཁོ་འདོན་ལས་གཞི་ལེགས་སྒྲུབ་བྱས་ཡོད།

ཤུགས་རྒྱག་ས་གཉིས་པ་ནི་ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང༌། ཞིང་ཆེན་རིམ་པའི་གཞུང་ལམ301ལམ་ཐིག་གི་དཔལ་མགོན་ནས་གཞུང་སྨད་དུམ་མཚམས་ཀྱི་སྣུམ་ནག་ལམ་དང་། ཞིང་ཆེན་རིམ་པའི་གཞུང་ལམ303ལམ་ཐིག་གི་འབྲི་རུ་ནས་དཔལ་འབར་དུམ་མཚམས་ཀྱི་སྣུམ་ནག་ལམ། ཞིང་ཆེན་རིམ་པའི་གཞུང་ལམ301ལམ་ཐིག་གི་གཞུང་སྨད་ནས་ཉི་མའི་དུམ་མཚམས་ཀྱི་སྣུམ་ནག་ལམ་བཅས་སྐྲུན་འགོ་ཚུགས་པ་དང༌། ཤང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ30སྐྲུན་པ། སྲིད་འཛིན་གྲོང་ཚོ་ལྔའི་གཞུང་ལམ་ཤར་གཏོང་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་པ་རེད།

ཤུགས་རྒྱག་ས་གསུམ་པ་ནི་གཞི་རིམ་གྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང༌། རྫོང་རིམ་པའི་བུ་བཅོལ་ཁང་བརྒྱད་དང་ཤང་གྲོང་རྡལ་སློབ་ཆུང་གི་སློབ་ཁང་ཉམས་བཟོ་དང་རྒྱས་སྐྲུན་ལས་གཞི། དེ་བཞིན་སློབ་ཆུང23ཚད་ལྡན་ཅན་དུ་སྐྲུན་པའི་རྣམ་གྲངས་བཅས་ལེགས་སྒྲུབ་བྱེད་པ་དང༌། གྲོང་ཚོ་རིམ་པའི་བུ་བཅོལ་ཁང12གསར་སྐྲུན་བྱས་པ། རྫོང6ལ་མྱུར་སྐྱོབ་ས་ཚིགས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ། རྫོང9ལ་འགན་ལེན་ལྔའི་བགྲེས་སོང་གི་གཅིག་བསྡུས་བསྙེན་བཀུར་བྱེད་གནས་གསར་སྐྲུན་བྱས་ཡོད།

ཤུགས་རྒྱག་ས་བཞི་པ་ནི་ཞིང་འབྲོག་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང༌། གྲོང་ཚོ་ཁྲི་དང་ཤང་སྟོང་གི་ཁྲོམ་རའི་ལས་གཞི་དང་གྲོང་གསེབ་གསར་པའི་དེང་རབས་འཁོར་རྒྱུག་ཞབས་ཞུ་དྲ་བའི་ལས་གཞིར་མུ་མཐུད་སྐུལ་འདེད་བཏང་ནས། ཚོང་ཟོག་བགོས་སྐྱེལ་ལྟེ་གནས་གསུམ་དང་ཤང་གྲོང་རྡལ་གྱི་ཚོང་ཟོག་ཉོ་ཚོང་ལྟེ་གནས13ཞིང་ཁྱིམ་ཚོང་ཁང350བཅས་གསར་སྐྲུན་བྱས་པ་དང༌། གྲོང་གསེབ་ཀྱི་ཆ་འཕྲིན་ཞབས་ཞུ་ས་ཚུགས200གསར་སྐྲུན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག