མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་སྐབས་གཉིས་པའི་བྲག་གསུམ་མཚོ་བསྐོར་བའི་ལྕགས་རྟ་འགྲན་བསྡུར་ཟླ5པའི་ཚེས1ཉིན་སྤེལ་འགོ་ཚུགས་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-30 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།2014ལོའི་སྐབས་གཉིས་པའི་བྲག་གསུམ་མཚོ་བསྐོར་བའི་ལྕགས་རྟ་འགྲན་བསྡུར་ཟླ5པའི་ཚེས1ཉིན་ནས3ཉིན་བར་སྤེལ་རྒྱུ་ཡིན་པ་དང༌། སྐབས་འདིའི་འགྲན་བསྡུར་ནང་འགྲན་ཞུགས་ཚོགས་ཆུང་དང་ཉམས་རོལ་ཚོགས་ཆུང་གཉིས་ལ་དབྱེ་ཡོད། བྲག་གསུམ་མཚོ་ཆ་ཚང་བསྐོར་བའི་ལམ་ཐག་ལ་སྤྱི་ལེ41ཡོད་པ་དང70%ཡན་ནི་རི་ལམ་རེད།

བྲག་གསུམ་མཚོ་འདི་ཉིད་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུའི་ཆུ་མགོའི་གྲོག་རོང་ཁུལ་དུ་གནས་པ་དང༌། དེ་ནི་བོད་རྒྱུད་ནང་བསྟན་གྱི་རྙིང་མའི་བླ་མཚོ་གྲགས་ཅན་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3600ཡོད་པ་དང་རྒྱ་ཁྱོན་མུའུ6000 ལྷག་ཡོད།

ཉེ་བའི་ལོ་འགའི་རིང་ལ་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ318བརྒྱུད་རྐང་འཁོར་ཞོན་ནས་བོད་དུ་ཡོང་མཁན་ཁྲི་ཁ་ལོན་གྱི་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་བྲག་གསུམ་མཚོ་གནས་ཡུལ་གྱི་རང་བྱུང་དང་སྤྱི་ཚོགས་རིག་གནས་སྣ་མང་རང་བཞིན་མངོན་པ་དང་། ཡུལ་སྐོར་དང་རིག་གནས། ལུས་རྩལ་བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག