མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གནས་སྐོར་གྱི་དུས་ཚིགས་ལེགས་ཤོས་བསུ་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-30 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།“ལྔ་གཅིག”ངལ་གསོའི་དུས་ཆེན་སླེབས་ལ་ཉེ་བས། བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཤིན་ཧུ་མང་བའི་དུས་ཚིགས་འདིར་ཡུལ་སྐོར་སྡེ་ཁག་དང་། གསོལ་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་བཅས་ཀྱིས་གྲ་སྒྲིག་ལེགས་པོ་བྱས་ཏེ་སྤྲོ་བ་ཆེན་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུ་བ་ཞུ་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་དམིགས་བསལ་ཁྱད་ལྡན་ཡུལ་སྐོར་འགྲོ་ལམ་བཏོད་ནས་ཡུལ་སྐོར་བར་གདམ་ག་བྱེད་དུ་འཇུག་རྒྱུ་ཡིན་པའི་ནང་འགྲོ་ལམ་ཡག་ཤོས་གསུམ་དམིགས་སུ་བཀར་ནས་ངོ་སྤྲོད་བྱ་རྒྱུ་ཡིན་པ་སྟེ། ལྷ་ས—གནམ་མཚོ—བྲག་གསུམ་མཚོ—གནམ་ལྕགས་འབར་བ—ཀླུ་ནང་གྲོང་རྡལ་ཆུང་ངུ་བཅས་བར་དང་། ལྷ་ས—ཡར་འབྲོག་གཡུ་མཚོ—རྒྱལ་རྩེ་གནའ་གྲོང—བཀྲ་ཤིས་ལྷུན་པོ་དགོན—ཇོ་མོ་གླང་མ་བཅས་བར། དེ་མིན་ལྷ་ས—ཡར་འབྲོག་གཡུ་མཚོ—གྲི་གུ་རྩྭ་ཐང—ཡུམ་བུ་བརླ་མཁར—ཁྲ་འབྲུག་དགོན—བཙན་པོའི་བང་སོ་བཅས་བར་རེད།

བོད་ལྗོངས་གནས་མཆོག་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་རྒྱལ་ནང་པུའི་ཅིན་ལི་ཀེ་ལེང་གིས“ཟླ་བ5པའི་ཟླ་སྟོད་དུ་ཉིང་ཁྲིའི་ནགས་ཚལ་སྟུག་པོའི་ཁྲོད་ཚོན་མདོག་རྣམ་པར་བཀྲ་བའི་སྟག་མ་མེ་ཏོག་རབ་ཏུ་བཞད་ནས་མཛེས་ཉམས་འཕྱུར་རྒྱུ་རེད། སྐབས་དེར་ང་ཚོས་ཡུལ་སྐོར་བར་སྟག་མ་མེ་ཏོག་ལ་ལྟ་སྐོར་བྱེད་པའི་ཡུལ་སྐོར་འགྲོ་ལམ་གཏོད་རྒྱུ་ཡིན”ཞེས་བཤད། དེ་དང་ཆབས་ཅིག་བོད་ཀྱི་གསོལ་མགྲོན་ཁང་ཁག་གིས་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་ནུས་བ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ་ཁྱད་ལྡན་ཟས་རིགས་དང་། དམངས་སྲོལ་རོལ་མྱོང་། གནམ་གྲུ་ཐང་དུ་བསུ་སྐྱེལ་བྱེད་པ་སོགས་ཀྱི་ཞབས་ཞུ་སྤེལ་རྒྱུ་རེད། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཡག་པོ་ཡོང་ཆེད་བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ཉིན་ཤས་གོང་ལོ་ཕྱེད་རིང་གི་ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ་ཏེ་གནས་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག