མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་རོང་འབྲོག་མང་ཚོགས་ཀྱི“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ཞབས་ཞུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-30 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ་ལྷ་ས་གྲོང་ཁྱེར་དུ་རོང་འབྲོག་མང་ཚོགས་ཁྲི29.21གིས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ཞབས་ཞུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཡོད་དེ།ན་ནིང་བསྡོམས་པས་མི2624ཡིས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ཞབས་ཞུ་ལོངས་སྤྱོད་བྱས་ཤིང་། ཞབས་ཞུ་དེ་དང་འབྲེལ་བའི་མ་དངུལ་བསྡོམས་པས་སྒོར1221.01ལ་སླེབས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དབྱང་རུའུ་ཡིས་བཤད་རྒྱུར། ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་ཁྲོད་ཞུགས་ཡོད་པའི་རོང་འབྲོག་པ་ཐམས་ཅད་དང་། གཟིགས་སྐྱོང་བྱ་ཡུལ་དང་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་རོང་འབྲོག་པ། དེ་མིན་ནད་གཞི་ལྗིད་མོ་ཕོག་ཏེ་ངེས་བར་དུ་ཚ་དྲག་ཆེ་བའི་སྨན་བཅོས་བྱེད་ཐབས་སྤྱད་དེ་སྲོག་སྐྱོབ་བྱེད་དགོས་པའི་མང་ཚོགས་བཅས་ཀྱིས་ཆ་སྙོམས་སུ“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག