མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལོ་ལྔའི་ནང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར64ལྷག་དངོས་འབེབས་བྱས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-29 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2009ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་ཁ་གསབ་རོགས་དངུལ་ལག་བསྟར་བྱས་པ་ནས་ན་ནིང་གི་ལོ་མཇུག་བར། བོད་ལྗོངས་ཀྱིས་ལོ་ལྔའི་དུས་ཡུན་ནང་རྒྱལ་ཁབ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར64.35དངོས་འབེབས་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་ཁ་གསབ་ཐད་བེད་སྤྱོད་བྱས།

གསར་འགོད་པས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱིས་ཕྱུགས་ལས་གཙོ་བོ་གཉེར་བཞིན་པ་དང་། རྩྭ་རའི་རྩྭ་ཁ་ཉམས་པ། རྩྭ་ཕྱུགས་བར་གྱི་འགལ་བ་ཆེ་བ། དེ་མིན་རྩྭ་ར་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་བདེ་བ་དང་སྐྱེ་ཁེམས་གནས་ཡུལ་མཐོ་བའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང5དང་ཕྱུགས་ལས་དང་ཞིང་ལས་གཉིས་ཀ་གཉེར་བཞིན་པའི་རྫོང2རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་ལམ་ལུགས་ལག་བསྟར་བྱེད་པའི་ཚོད་ལྟ་ཁུལ་དུ་འདེམས་ཡོད་པ་རེད།

ད་ལྟ་བོད་ལྗོངས་སུ་རང་བྱུང་གི་རྩྭ་ས་མུའུ་དུང་ཕྱུར12.3ཡོད་པ་དང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི68%ཟིན་ཡོད་དེ། རང་རྒྱལ་གྱི་རང་བྱུང་རྩྭ་སའི་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་བཅས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག