མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྒྱལ་ཁབ་འདམ་ར་ཚོད་ལྟ་ཁུལ3སྙན་ཞུ་འབུལ་རྩིས་ཡོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-28 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འདམ་རའི་ཐོན་ཁུངས་སྔར་ལས་ལྷག་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ད་ལོར་ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་ས་ཁུལ། མངའ་རིས་ས་ཁུལ་བཅས་ཀྱིས་སོ་སོ་ནས་རྒྱལ་ཁབ་འདམ་རའི(ཚོད་ལྟ་ཁུལ)1རེ་སྙན་ཞུ་འབུལ་རྩིས་ཡོད་དེ། དེར་བརྟེན་རྒྱལ་ཁབ་འདམ་ར་བོད་ལྗོངས་ཀྱི་ས་ཁུལ7ལ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་རེད། མིག་སྔར་རང་སྐྱོང་ལྗོངས་ནགས་ལས་ཐིན་གྱིས་ས་ཁུལ་དེ་གསུམ་པོའི་བྱ་བ་འདི་གཙོ་གནད་དུ་འཛིན་རྒྱུ་དང་། 《རྒྱལ་ཁབ་འདམ་རའི་དོ་དམ་བྱེད་ཐབས(ཚོད་ལྟའི)》ཆོད་དོན་ལྟར། སྙན་ཞུ་བྱ་ཡུལ་འོས་འཚམ་ཞིབ་འབྱེད་གདམ་གསེས་བྱས་ཏེ་འབྲེལ་ཡོད་ཡིག་ཆ་དང་། གཟུགས་རིས་རྒྱུ་ཆ་གྲ་སྒྲིག་ཆ་ཚང་བྱེད་དགོས་པའི་རེ་བ་བཏོན།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སུ་རྒྱལ་སྤྱིའི་འདམ་ར་གཙོ་བོ2ཡོད་པ་དང་། འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ19ཡོད་པའི་རྨང་གཞི་སྟེང་། རྒྱལ་ཁབ་འདམ་ར་སྙན་ཞུ་རུ་ཕུལ་བའི་བྱ་བར་འབད་བརྩོན་བྱེད་བཞིན་ཡོད། 2013ལོའི་ལོ་མཇུག་བར་དུ། གཞིས་ཀ་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ས་ཁུལ4ནས་རྒྱལ་ཁབ་འདམ་ར(ཚོད་ལྟ་ཁུལ)8བཙུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག