མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་རིམ་ཁག་རིག་དངོས་སྲུང་སྐྱོབ་སྡེ་ཚན1424ཡོད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཚེས་25ཉིན་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ལོ་མང་རིང་རིག་དངོས་སྲུང་སྐྱོབ་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད། མིག་སྔར་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཚུད་པའི་བོད་ལྗོངས་ཀྱི་རིམ་ཁག་རིག་དངོས་སྲུང་སྐྱོབ་སྡེ་ཚན1424ཟིན་ནས། ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤྱི་འབོར་ཅུང་མང་བའི་ས་ཁུལ་གྱི་གྲས་སུ་གྱུར་ཡོད་པ་རེད། བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན1424ཡི་ནང་རྒྱལ་ཡོངས་གཙོ་གནད་རིག་དངོས་སྡེ་ཚན55དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན391 གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན978བཅས་ཡོད་པ་རེད། རྒྱལ་ཁབ་དང་བོད་ལྗོངས་ཀྱིས་ད་དུང་གཙོ་གནད་རིག་དངོས་ལ་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱབ་ཡོད་པ་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་46བཀོད་སྒྲིག་བྱས་པ་དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་བཅུ་དང་ས་ཡ་དགུ་ཟིན་པ། མིག་སྔར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་དང་ས་ཡ་དགུ་བཏང་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག