མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་ད་ལོ་དམངས་ཕན་གཞུང་བཅད་རིན་གོང་གི་སྔོ་ཚལ་ཐད་འཚོང་རླངས་འཁོར་རྣམ་གྲངས་འགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས།  2014-04-26 11:27

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སུ་ད་ལོ་དམངས་ཕན་གཞུང་བཅད་རིན་གོང་གི་སྔོ་ཚལ་ཐད་འཚོང་རླངས་འཁོར་རྣམ་གྲངས་འགོ་རྩོམ་རྒྱུ་ཡིན་པ་སྟེ། ཡུལ་མིའི་ཡོང་འབབ་འཕར་སྣོན་དང་གཞུང་བཅད་རིན་གོང་སྔོ་ཚལ་ཡང་མི་སེར་གྱི་འཚོ་བ་དང་ཐག་ཇེ་ཉེར་གཏོང་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་དམངས་ཕན་གཞུང་བཅད་རིན་གོང་སྔོ་ཚལ་ཐད་འཚོང་རླངས་འཁོར་རྣམ་གྲངས་དེའི་སྤྱིའི་མ་འཇོག་བྱས་པ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་དང་བརྒྱད་འབུམ་བཞི་ཁྲི་ཟིན་པ་དང་། དམངས་ཕན་ཐད་འཚོང་རླངས་འཁོར་༦༢ཉོས་ཡོད། མིག་སྔའི་བར་རླངས་འཁོར་༣༢ལས་གཉེར་བྱེད་པའི་ནང་བཞུགས་བཞིན་པ་དང་ཕན་པ་ཐོབ་པའི་མང་ཚོགས་ཆིག་འབུམ་ལྷག་ཙམ་ཡོ་ད་པ་རེད། སྔོན་དཔག་བྱས་ན་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ལོ་མཇུག་ལ་ལྷ་སའི་སྔོ་ཚལ་ཁྱབ་འགྱེད་མཁོ་འདོན་བོད་ལྗོངས་ཡོངས་སུ་ཐུབ་རྒྱུ་ཡིན་པ་རེད། ལྷ་སའི་ཁྱབ་ཁོངས་ནང་དུ་ད་དུང་སྔོ་ཚལ་འདེབས་གསོའི་རྟེན་གཞི་༢༦འཛུགས་རྒྱུ་དང་ལྷ་ས་ལྟེ་བར་བྱས་པའི་བོད་ལྗོངས་ཡོངས་ཀྱི་འཁོར་རྒྱུག་ཆེན་པོའི་ཁྲོམ་རར་ཁེབས་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག