མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱིས་འདི་ལོ“བརྒྱ་བཅུ”བོད་དུ་ ཡུལ་སྐོར་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-26 11:27

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་འདི་ལོ“བརྒྱ་བཅུ”བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་སྤེལ་ནས་དབྱར་དགུན་སྟོན་དཔྱིད་བཞིར་རི་མོ་མཁས་ཅན་དང་། པར་རྒྱག་མཁས་ཅན། རོལ་དབྱངས་མཁས་ཅན། བུད་མེད་གསར་འགོད་པ། རི་འཛེག་ལ་དགའ་པོ་ཡོད་པ་བཅས་བརྒྱ་དང་དགོང་དྲོའི་ཚགས་པར་དང་། དྲ་བའི་སྨྱན་སྦྱོར། ཏང་གི་ཚགས་པར། ཡུལ་སྐོར་ཁང་། བརྙན་འཕྲིན་ལས་ཁུངས་སོགས་ཚན་པ་བརྒྱ་གདན་ཞུ་བྱས་ཏེ་བོད་དུ་མཛེས་ལྗོངས་འཚོལ་བ་དང་། ལམ་ཐིག་འཚོལ་བ། རྟོག་ཞིབ་བྱེད་པ་སོགས་བྱས་ཏེ་གྲགས་ཅན་ཚོར་བོད་ཀྱི་ལོ་རྒྱུས་འབྲི་བ་དང་། བོད་ཀྱི་མཛེས་ལྗོངས་འབྲི་བ། བོད་ལ་བསྟོད་གླུ་འབུལ་བ་བཅས་བྱེད་པ་དང་། བོད་ཀྱི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་དྲིལ་བསྒྲགས་བྱེད་པ། ལུས་སེམས་བདེ་ལ་སྐྱིད་པའི་ཡུལ་སྐོར་ཁོར་ཡུག་གཏོད་པ་བཅས་བྱེད་དུ་འཇུག་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མིང་ཐོག་ནས་ལས་རིགས་ཁག་ཏུ་གདན་ཞུའི་ཡི་གེ་བཀྲམ་སྟེ་དུས་ཚིགས་མི་འདྲ་བར་བོད་ཀྱི་བརྗོད་བྱ་ལྡན་པ་དང་། བོད་ཀྱི་གནས་ཚུལ་འབྲི་རྒྱུར་དགའ་བ།

    བོད་ཀྱི་དམངས་སྲོལ་རིག་གནས་ལ་དགའ་ཞེན་ཆེ་བ། བོད་ཀྱི་ཡུལ་སྐོར་བྱ་གཞག་ལ་སྤྲོ་སེམས་ཆེ་བ། བོད་ལ་ཡིད་སྨོན་སྐྱེ་ཤུགས་ཆེ་བ་བཅས་ཀྱི་མཛེས་རྩལ་མཁས་ཅན་དང་། པར་རྒྱག་མཁས་ཅན། རོལ་དབྱངས་མཁས་ཅན། བུད་མེད་གསར་འགོད་པ། རི་འཛེག་ལ་དགའ་པོ་ཡོད་པ་བཅས་100དང་དགོང་དྲོའི་ཚགས་པར་དང་། དྲ་བའི་སྨྱན་སྦྱོར། ཏང་གི་ཚགས་པར། ཡུལ་སྐོར་ཁང་། བརྙན་འཕྲིན་ལས་ཁུངས་སོགས་ཚན་པ་100ཁག་བགོས་ཀྱིས་བསྡུས་ཏེ་བོད་དུ་མཛེས་ལྗོངས་འཚོལ་བ་དང་རྟོག་ཞིབ་བྱེད་པ་སོགས་བྱ་རྒྱུ་རེད།

    གཞན་ཡང་ཤེས་རྟོགས་བྱུང་གསལ། 2014ལོར་ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་གི་ལོ་ཚོགས་ཀྱང་ལྷ་སར་འཚོག་རྒྱུ་ཡིན་པས་ཡུལ་སྐོར་ལས་རིགས་མང་དག་ཅིག་བོད་དུ་འཛོམས་ནས་ཐུན་མོང་ཐོག་བོད་ཀྱི་ཡུལ་སྐོར་ཐོན་རྫས་བྲིན་ཚོང་ཐད་འཆར་གཞི་འགོད་རྒྱུ་རེད།

    (བཀྲ་ཤིས་ཚེ་དབང་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག