མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱིས་དབྱར་དུས་ཀྱི་ཡུལ་སྐོར་ཚོང་ གཉེར་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-26 11:27

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཁ་གཏད་བོད་སྐྱོར་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། མཁས་པོ་གང་ལེགས་བཅས་བྱས་ཏེ་བོད་ཀྱི་ཡུལ་སྐོར་དེ་སྔར་བས་ལེགས་སུ་གཏོང་ཆེད་ཟླ་བཞི་པའི་ཟླ་མཇུག་ནས་ཟླ་ལྔ་པའི་ཟླ་དཀྱིལ་བར་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ས་ཁུལ(གྲོང་ཁྱེར)བདུན་གྱི་ཡུལ་སྐོར་སྤྲོ་འཆམ་ཅུས་དང་། ཡུལ་སྐོར་སྤྲོ་འཆམ་ཁེ་ལས་ཁ་ཤས་དང་བོད་ལྗོངས་མཁའ་འགྲུལ་ཀུང་སི་སྒྲིག་འཛུགས་བྱས་ཏེ་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དང་། འབྲི་ཆུའི་ཟུར་གསུམ་གླིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ས་ཁུལ་དུ་བསྐྱོད་ནས“འཛམ་གླིང་ཡང་རྩེ། ངོ་མཚར་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས་དང་ཐོན་རྫས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་སྐོར་ཚོང་གཉེར་ལ་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་ཆེད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས“གནས་མཆོག་ལྷ་ས”དང“ཡིད་འོང་གཞིས་རྩེ”“ཡར་ཀླུང་དུ་ཕུགས་འདུན་འཚོལ་བ”སོགས་ཐོན་རྫས་རྩེ་གྲ་མང་པོ་གྲ་སྒྲིག་འཐུས་ཚང་བྱས་པ་དང་འབྲེལ་ཡུལ་སྐོར་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་20ལྷག་ཙམ་གདམ་སྒྲུག་བརྒྱབ་པར་མ་དངུལ་སྒོར་དུང་ཕྱུར་27.2ཟིན་པ་དང་

    གཞན་ཡང་སྐབས་ལྔ་པའི“བོད་རིགས་ཀྱི་མཛེས་མ། བོད་ཀྱི་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི”འགྲན་བསྡུར་ནང་ཨང་དང་པོ་དང་གཉིས་པ་ཐོབ་མཁན་གྱིས་བརྒྱུད་རིམ་ཧྲིལ་པོའི་ནང་འོས་སྦྱོར་ཕོ་ཉའི་འགན་འཁུར་ཏེ་བོད་ལྗོངས་གསར་པའི་བུད་མེད་གསར་པའི་ཉམས་འགྱུར་ངོམས་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ནི་རང་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་དང་། འབྲི་ཆུའི་ཟུར་གསུམ་ཁུལ། པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་དང་། ཀང་ཨའོ་ཐའེ། ཨེ་ཤེ་ཡ་ཤར་ལྷོ་སོགས་འགྲུལ་ཁུངས་ཀྱི་ཁྲོམ་ར་གལ་ཆེན་ལ་གཞིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས“ཕྱིར་སྐྱོད”ཆེད་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར་ཡག་པོ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    (བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསོད་ནོར་དང་བསྟན་བློས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག