མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཕྱི་རོལ་གྱི་རིག་དངོས་ས་ཚིགས་སྲུང་མཁན་དང་དོ་དམ་བྱེད་མཁན་གདན་ཞུ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-04-26 11:27

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་ལྗོངས་ཀྱིས་འབྲེལ་ཡོད་སྲུང་སྐྱོང་བྱ་ཐབས་བཏོན་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་བརྒྱད་འབུམ་ཉིས་ཁྲི་བཏང་ནས་ཕྱི་རོལ་གྱི་རིག་དངོས་ས་ཚིགས་སྲུང་མཁན་དང་དོ་དམ་བྱེད་མཁན་གདན་ཞུ་བྱས་ཡོད་པས། ལྗོངས་ཡོངས་ཀྱི་ཕྱི་རོལ་རིག་དངོས་ས་ཚིགས་ཁག་༢༤༦སྲུང་མཁན་མེད་པ་དང་དོ་དམ་བྱེད་མཁན་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད་པ་རེད།

    བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་གནད་ཞིང་ལྗོངས་གྲས་ཤིག་ཡིན་པ་དང་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། མིག་སྔར་གུ་གེ་གནའ་ཤུལ་དང་། གནའ་བོའི་ཨར་ལས། གནའ་བོའི་བང་སོ་ཚུད་པའི་གནས་སྤོ་བྱེད་ཐབས་མེད་པའི་རིག་དངོས་ས་ཚིགས་ཁག་༤༢༧༧ཚུད་ཡོད། འོན་ཀྱང་ས་ཆ་རྒྱ་ཆེ་བ་དང་མི་ཉུང་བ། མི་སྣ་དང་མ་དངུལ་མི་འདང་བའི་རྐྱེན་གྱིས། བང་སོ་དང་གནའ་ཤུལ་སོགས་ཕྱི་རོལ་རིག་དངོས་མི་ཉུང་བ་ཞིག་སྲུང་མཁན་མེད་པ་དང་དོ་དམ་བྱེད་མཁན་མེད་པ་རེད། ལོ་ལྔའི་འཆར་བཀོད་བཅུ་གཉིས་པ་ཁོ་ནའི་རིང་རྒྱལ་ཁབ་ཀྱིས་བོད་ལྗོས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་རྣམ་གྲངས་ཁག་༤༦བཀོད་སྒྲིག་བྱས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཅུ་དང་ས་ཡ་དགུ་ཟིན་གྱི་ཡོད། མིག་སྔ་བར་སླེབས་དུས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་དང་ས་ཡ་དགུ་བེད་སྤྱོད་བཟཏང་ཟིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག