མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཚེ་གང་རིང་ཡུལ་མི་སྤུན་མཆེད་ ལ་སྨན་བཅོས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-26 11:27

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མི་མང་པོས་ཁྱད་དུ་འཕགས་པའི་འཚོ་བ་བརྩོན་ལེན་བྱེད་ཀྱི་ཡོད་ཀྱང་མི་མང་ཆེ་བའི་འཚོ་བ་ནི་སྤྱིར་བཏང་ཞིག་ཡིན། འོན་ཀྱང་མི་ལ་ལས་སྤྱིར་བཏང་གི་འཚོ་བའི་ནང་རླབས་ཆེན་གྱི་གྲུབ་འབྲས་གཏོད་ཡོད། ལོ་20ལྷག་ཙམ་སྨན་པ་བྱས་པའི་སྙེ་མོ་རྫོང་བྲག་སྐོར་ཤང་བོང་ཁང་གྲོང་ཚོའི་ཏང་ཡོན་ཡིན་པའི་གྲོང་གསེབ་སྨན་པ་ནོར་བུ་ནི་སྤྱིར་བཏང་གི་འཚོ་བའི་ནང་རླབས་ཆེན་གྱི་གྲུབ་འབྲས་གཏོད་མཁན་ཞིག་ཡིན། ནོར་བུའི་ཁྱིམ་ནས་བོང་ཁང་གྲོང་ཚོའི་སྨན་དོན་ཁང་བར་སྤྱི་ལེ་20ལྷག་ཙམ་ཡོད། ལོ་20ལྷག་ཙམ་རིང་ཉིན་མཚན་བལྟོས་མེད་དང་ཆར་རླུང་དྲག་པོ་གང་ཡིན་ཡང་ནོར་བུས་ནད་པར་སྨན་བཅོས་བྱེད་ཀྱི་ཡོད། ཁོང་གིས་བྱམས་སེམས་དང་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མང་ཚོགས་ཀྱི་ནད་བཅོས་ཏེ་སྤྱིར་བཏང་གི་འཚོ་བའི་ནང་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་ཤིག་གཏོད་ཅིང་། འདི་ནི་ནོར་བུས་ནད་པར་ནད་བལྟ་བའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག