མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས་བོད་སྨན་གྱི་ཚད་གཞི150གཏན་ལ་ཕབ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-25 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་བོད་སྨན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་བོད་སྨན་ཚད་ལྡན་ཅན་དུ་གཏོང་བའི་བྱ་བ་སོ་སོའི་འཕེལ་རིམ་བདེ་བླག་ཡིན་ཞིང་། འཆར་གཞི་ལྟར་ན“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས་བོད་སྨན་གྱི་ཚད་གཞི150གཏན་ལ་ཕབ་རྒྱུ་རེད།

རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་བོད་སྨན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་པད་མ་གཡང་འཛོམས་ཀྱིས་བཤད་རྒྱུར། བོད་ལྗོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་སྨན་གྱི་ཚད་གཞི150གཏན་འབེབས་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་དེ། དེ་དག་ཁྲོད་རྨང་གཞི་སྐོར་གྱི་ཚད་གཞི27དང་། ལག་རྩལ་སྐོར་གྱི་ཚད་གཞི36། བྱ་བའི་ཚད་གཞི28། དོ་དམ་ཚད་གཞི19། སྨན་གྱི་ཡོ་བྱད་སྐོར་གྱི་ཚད་གཞི8། བོད་སྨན་ཚད་གཞི16། ཆ་འཕྲིན་ཅན་གྱི་ཚད་གཞི16བཅས་འདུས་ལ། ཚད་གཞི་དེ་དག་ལས་བོད་སྨན་ཚད་ལྡན་ཅན་དུ་གཏོང་བའི་ཞིབ་འཇུག་ལྟེ་གནས་དང་། ཆེད་ལས་སྡེ་ཁག མི་སྣ་གསོ་སྦྱོང་ལྟེ་གནས། ཚད་གཞི་དག་བཅོས་དང་ཁྱབ་བསྒྲགས་ལྟེ་གནས་བརྟན་པོ་བཙུགས་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་སྨན་ཚད་ལྡན་ཅན་དུ་གཏོང་བའི་དྲིལ་བསྒྲགས་བྱ་བར་ཤུགས་བསྣན་ཏེ། ཚད་གཞི་ལག་བསྟར་དང་ཁྱབ་གདལ་དུ་གཏོང་བའི་བྱེད་ཐབས་ཞིབ་འཇུག་བྱས་པ་བརྒྱུད་དེ། བོད་སྨན་གྱི་ཚད་གཞི་འཁོར་སྐྱོད་བྱེད་པའི་ལྟ་སྐུལ་ནང་རྐྱེན་ཡང་འཛུགས་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག