མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་འགོ་བརྩམས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-25 10:20

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་བྱེད་པའི་ཚོད་ལྟའི་བྱ་བ་དངོས་སུ་སྤེལ་འགོ་བརྩམས་ཤིང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཆབ་མདོ་ས་ཁུལ་གྱི་རི་བོ་ཆེ་རྫོང་དང་། ནག་ཆུ་ས་ཁུལ་གྱི་ནག་ཆུ་རྫོང་། གཞིས་ཀ་རྩེ་ས་ཁུལ་གྱི་གཏིང་སྐྱེས་རྫོང་བཅས་ཀྱིས་ཉེ་སྔོན་ཆུའི་ཐོན་ཁུངས་ལ་འགན་སྲུང་བྱེད་པའི་སྐྱེ་ཁམས་སྐྱིན་གསབ་གཟེངས་བསྟོད་བྱེད་པའི་བྱ་བ་སྤེལ།

  བོད་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་བཤད་རྒྱུར། བོད་ལྗོངས་ཀྱིས་ཆུའུ་ཐོན་ཁུངས་ཕུན་སུམ་ཚོགས་པ་སྲུང་སྐྱོབ་བྱས་ཏེ། ཆུའི་ཐོན་ཁུངས་ལ་འགན་སྲུང་བྱེད་པའི་སྐྱེ་ཁམས་སྐྱིན་གསབ་ལུགས་སྲོལ་བཙུགས་པ་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། རྨ་ཆུ་དང་འབྲུ་ཆུ་འགོ་ཁུངས་དང་སྨན་རྒྱུད་ས་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་བ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཀྱི་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན་པས། རང་སྐྱོང་ལྗོངས་ཀྱིས་ལོ་རེར་མ་དངུལ་སྒོར་ཁྲི2000བཏང་སྟེ་ཆུའི་ཐོན་ཁུངས་འགན་སྲུང་བྱེད་པའི་སྐྱེ་ཁམས་སྐྱིན་གསབ་ཐད་བེད་སྤྱོད་བྱེད་བཞིན་ཡོད་ཟེར། 

   ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས2014ལོའི་ཟླ6པའི་སྔོན་དུ《བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་ལ་འགན་སྲུང་བྱེད་པའི་སྐྱེ་ཁམས་སྐྱིན་གསབ་གཟེངས་བསྟོད་ལག་བསྟར་ཇུས་གཞི》བཟོ་འགོད་བྱ་རྒྱུ་ཡིན་པ་དང་། དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ནང་དུ་འཇུག་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག