མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གེ་སར་གློག་རྡུལ་མཛོད་དང་པོ་དེ་བསྐྲུན་ཚར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-25 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གེ་སར་རྒྱལ་པོའི་སྨྱན་སྦྱོར་ཐོན་ཁུངས་མཛོད་དང་པོ་དེ་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་བཙུགས་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། མིག་སྔར་བོད་ལྗོངས་བྱང་རྒྱུད་ས་ཁུལ་གྱི་སྒྲུང་པ་ལྔའི་བརྩམས་ཆོས་དང་སྒྲུང་གླུ་སོགས་ཀྱི་དཔྱད་གཞི་མཛོད་འཇུག་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐོན་ཁུངས་མཛོད་དེའི་ནང་སྒྲུང་གླུ་དང་། སྒྱུ་རྩལ་པས་བཤད་པའི་ངག་ཐོག་ལོ་རྒྱུས། རོལ་མོའི་དབྱངས་རྟ། གེ་སར་རྒྱལ་པོའི་བསྟོད་གླུ། གེ་སར་རྒྱལ་པོའི་ལོ་རྒྱུས་རྗེས་ཤུལ་སོགས་ཆ་ཤས་དྲུག་ཡོད་པ་དང་། སླད་ཕྱིན་ད་དུང་བསྟུད་མར་ནག་ཆུ་ས་ཁུལ་གྱི་སྒྲུང་པ་བརྒྱད་བཅུ་ལྷག་དང་དེ་བཞིན་བོད་ལྗོངས་ཀྱི་ས་ཁུལ་གཞན་པའི་སྒྱུ་རྩལ་པའི་སྒྲུང་གླུའི་དཔྱད་གཞི་འཇུག་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག