མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་དང་པོར་ཆབ་མདོ་ས་ཁུལ་གྱིས་ལས་ཞུགས་བྱ་བའི་འགོ་ཡག་པོ་བརྩམས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-24 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ལས་ཞུགས་དང་ཡར་བསྐྱར་ལས་ལ་ཞུགས་པའི་བྱ་བའི་འགོ་ཡག་པོ་བརྩམས།

རྒྱུས་ལོན་པ་ན་ལྟར་ན། ད་ལོའི་དུས་ཚིགས་དང་པོར། ཆབ་མདོ་ས་ཁུལ་དུ་གྲོང་རྡལ་གྱི་ལས་ཞུགས་མི་སྣ585གསར་སྣོན་བྱས་ཤིང་། ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་གྱི18%ལེགས་འགྲུབ་བྱུང་། གྲོང་རྡལ་གྱི་ལས་ཤོར་མི་སྣ་ཐོ་འགོད་བྱེད་ཚད2.5%ཡིན་པ་དང་། ལས་རིགས་ལག་རྩལ་སྐོར་གྱི་གསོ་སྦྱོང་ཐེངས5ལ་སྤེལ་ཏེ་མི482ལ་གསོ་སྦྱོང་བྱས། དེ་མིན་རིན་མི་ལེན་པར་མི399ལ་ལས་རིགས་སྐོར་ནས་མཛུབ་སྟོན་གནང་བ་དང་། མི234ལ་ལས་རིགས་ངོ་སྤྲོད་བྱས། དེ་ལས་གཞན་ལས་གནས496གསར་སྤེལ་བྱས་ཤིང་མི8310ལས་ལ་ཞུགས་པར་སྤོ་སྒྱུར་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག