མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར20བཏང་སྟེ་བོད་ལྗོངས་ཀྱི་གནའ་རྫས་ལ་སྲུང་སྐྱོང་བྱ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-24 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས23ཉིན་བསྡུས་པའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་གནས་རྫས་སྲུང་སྐྱོང་ཐད་ཀྱི་གྲོན་དངུལ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་དེ། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20ལ་ཉེ་བ་ཙམ་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་ཀྱི་གནའ་རྫས་ལ་སྲུང་སྐྱོང་བྱ་རྒྱུ་རེད།

རང་སྐྱོང་ལྗོངས་གནའ་རྫས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བསྟན་འཛིན་དབང་རྒྱལ་གྱིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཁོ་ནར། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་གནའ་རྫས་གལ་ཆེན་སྲུང་སྐྱོང་ཉམས་གསོ་རྣམ་གྲངས46བཀོད་སྒྲིག་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.09བཏང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར4.38དམིགས་སར་འབྱོར་བ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.29ལེགས་འགྲུབ་བྱུང་། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དང་། དགའ་ལྡན་དགོན་པ། ཕུན་ཚོགས་གླིང་དགོན་པ། ར་སྒྲེང་དགོན་པ་སོགས་གནའ་རྫས་གལ་ཆེན་སྲུང་སྐྱོབ་ཉམས་གསོ་རྣམ་གྲངས25འཛུགས་སྐྲུན་བྱེད་འགོ་ཚུགས། མིག་སྔའི་བར་དུ། བོད་ལྗོངས་ཡོངས་སུ་བསྡོམས་པས་རིམ་པ་སོ་སོའི་གནས་རྫས་དོ་དམ་ལས་ཁུངས88ཡོད་པ་དང་། ཐོ་འགོད་བྱས་ཡོད་པའི་གནའ་རྫས་ས་གནས4277ཡོད་ལ། རིམ་པ་སོ་སོའི་གནས་རྫས་སྲུང་སྐྱོང་སྡེ་ཁག1424བཅས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག