མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-22 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་བོད་ཀྱི་སྨན་རྫས་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་བོད་ཀྱི་གསོ་རིག་ཚན་རིག་ཞིབ་འཇུག་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་།  ཟླ་འདིའི་ནང་བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་སོགས་གནའ་དཔེ་རྩ་ཆེན100ལྷག་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱས།

 རྒྱུས་ལོན་པ་ལྟར་ན།  རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི4090བཏང་བའི་རྒྱལ་ཡོངས་མི་རིགས་གསོ་རིག་གི་ནད་ཐོག་ཞིབ་འཇུག་རྟེན་གཞིའི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་ཐོག་ཁང་ཐོག་མ་མི་འགྱངས་བར་འཁོར་སྤྱོད་བྱེད་རྒྱུ་རེད།  མིག་སྔར།  ལས་ཀའི་འཛུགས་སྐྲུན་ཐད་ནས་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་།  བོད་ཀྱི་སྨན་པ་གྲགས་ཅན་དག་གི་སྨན་ཡིག་ཧྲག་བསྡུ་དང་ལེགས་སྒྲིག་བྱས་ཏེ་བོད་ཀྱི་གསོ་རིག་ནད་ཐོག་ཞིབ་འཇུག་སྟེགས་བུ་སྐྲུན་པ་མ་ཟད།  རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི1560བཏང་ནས་སྨན་རྩྭ་ཞིབ་བཤེར་བྱེད་པའི་རྣམ་གྲངས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། ད་ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་སྨན་རྩྭའི་ཐོན་ཁུངས་ཞིབ་བཤེར་བྱེད་པའི་ལས་འགན་ལེགས་འགྲུབ་འབྱུང་ངེས།  བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གིས་རོགས་དངུལ་བཏང་བའི་རྨང་གཞིའི་ཞིབ་འཇུག་དང་།  ནད་ཐོག་ཞིབ་འཇུག  མིའི་ཐབས་ཀྱིས་བོད་སྨན་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་བཅས་སྨན་རྫས་གསར་བ་ཞིབ་འཇུག་གསར་སྤེལ་བྱེད་པ་སོགས་ནས་ཕན་འབྲས་ཆེན་པོ་ཐོབ།

དུས་མཚུངས་སུ།  ཉེ་བའི་ལོ་འགའི་རིང་།  ལྗོངས་ཡོངས་ཀྱི་བོད་སྨན་ཁང་སོ་སོས་བོད་སྨན་ཀྱི་སྨན་ཡིག་ཕུལ་བྱུང་དང་།  ནུས་ཐོན་བཅོས་ཐབས་སོགས་ལ་གདམ་གསེས་ཐད་ལ་ཤུགས་སྣོན་པ་བརྒྱུད།  ནད་རིགས་སྣ་ཚོགས་ལ་ཕན་ནུས་ཡོད་པའི་སྨན་སྦྱོར་སྤྱི་བསྡོམས་དང་ལེགས་སྒྲིག་བྱས་པས།  བོད་སྨན་གསར་སྤེལ་ལ་རྨང་གཞི་བརྟན་པོ་བཏིངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག