མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་གཞིས་རྩེ་ས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི310སྣེ་ལེན་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-22 09:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་གནས་སྐོར་འཕེལ་རྒྱས་ཕྱོགས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ནུས་ཤུགས་ཆེན་པོས“ཕུལ་བྱུང་གནས་སྐོར”འཐབ་ཇུས་ལག་བསྟར་བྱས་པས། གནས་སྐོར་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཅུང་བཟང་བོ་ཡིན། ད་ལོའི་ཟླ1པོ་ནས་ཟླ3པའི་བར་བོད་ལྗོངས་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི15.5སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.17མངོན་འགྱུར་བྱས།

གཞིས་རྩེ་ས་ཁུལ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་བཤད་རྒྱུར། ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་ས་ཁུལ་གྱི་གནས་སྐོར་ལས་རིགས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་དེ། ད་ལོར་གཞིས་རྩེ་ས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི310སྣེ་ལེན་བྱ་རྒྱུ་ཡིན་པ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར30ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག