མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2020ལོར་སླེབས་དུས་བོད་ཀྱི་གསོ་རིག་སྨན་བཅོས་ཞབས་ཞུ་བོད་ལྗོངས་ཀྱི་གྲོང་རྡལ་ཡོངས་སུ་ཁྱབ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-21 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ཀྱི་གསོ་རིག་སྨན་བཅོས་དང་། སློབ་གསོ། ཚན་རིག་ཞིབ་མཇུག་བཅས་ཀྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། 2020ལོར་སླེབས་དུས་བོད་ལྗོངས་ཀྱི་འདུས་སྡོད་ཁུལ95%ཡན་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང100%རུ་བོད་སྨན་བརྟག་དཔྱད་ཁང་དང་སྨན་སྦྱོར་ཁང་འཛུགས་རྒྱུ་ཡིན་ཞིང། 75%ཡན་གྱི་ཞིང་སྡེའི་འཕྲོད་བསྟེན་ཁང་གིས་བོད་སྨན་སྐོར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་རྒྱུ་རེད།

བོད་ལྗོངས་བོད་སྨན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་པད་མ་དབྱང་འཛོམས་གྱིས་བཤད་རྒྱུར། མིག་སྔར་བོད་ལྗོངས་ཀྱི་གྲོང་རྡལ་འཕྲོད་བསྟེན་ཁང75%དང་ཞིང་སྡེའི་འཕྲོད་བསྟེན་ཁང13%གྱིས་བོད་སྨན་སྐོར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དང་། མིག་སྔའི་བར་དུ་བོད་ལྗོངས་སུ་གཞུང་བཙུགས་བོད་སྨན་སྨན་བཅོས་ལས་ཁུངས30ཡོད་པ་དང་། དེའི་ནང་རང་སྐྱོང་ལྗོངས་རིམ་པའི་བོད་སྨན་ཁང1ཡོད་པ་དང་། ས་ཁུལ་རིམ་པའི་བོད་སྨན་ཁང6ཡོད། རྫོང་རིམ་པའི་བོད་སྨན་ཁང22ཡོད་པ་དང་། མཐོ་རིམ་ཐད་གཏོགས་བོད་སྨན་ཁང1བཅས་ཡོད་པ་རེད་ཟེར།

གཞི་གྲངས་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་བོད་སྨན་སྐོར་གྱི་ནད་པའི་ཉལ་ཁྲི1364ཡོད་པ་དང་། ལྗོངས་ཡོངས་ཀྱི་བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་ནད་པའི་ཉལ་ཁྲི་སྤྱི་གྲངས་ཀྱི13.5%ཟིན་པ་དང་། བོད་ཀྱི་སྨན་བཅོས་མི་སྣའི་གྲངས་ཀ2232ཡོད་ཅིང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལས་ཁུངས་མི་སྣའི་སྤྱི་གྲངས་ཀྱི14.8%ཟིན། བོད་སྨན་རྒྱུད་འཛིན་པ171གིས་བོད་སྨན་རྒྱུད་འཛིན་བྱེད་ཆོག་པའི་དཔང་ཡིག་བླངས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2013ལོར་སྤེལ་བའི《བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པའི་དེབ་ཁྲོད་བསྟན་དོན། མིག་སྔར་བོད་ལྗོངས་སུ་ཐོ་འགོད་བྱས་ཡོད་པའི་བོད་སྨན་ཐོན་སྐྱེད་ཁེ་ལས20ཡིས་བོད་སྨན་སྣ་ཁ360ཐོན་སྐྱེད་བྱེད་ཐུབ་པ་དང་། བོད་སྨན་ཞབས་ཞུ་དྲ་བ་ཕར་ཆེར་ལྗོངས་ཡོངས་སུ་ཁྱབ་ཡོད་པ་རེད།

རྗེས་ཕྱོགས་བོད་ལྗོངས་ཀྱིས་རིམ་པ་སོ་སོའི་བོད་སྨན་ཁང་གི་ཕྱོགས་བསྡུས་ཆུ་ཚད་ཇེ་མཐོར་བཏང་སྟེ། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་དེ་ཞིང་ཆེན་ལྔ་ཡི་བོད་སྨན་ཕྱོགས་བསྡུས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་བོད་སྨན་ཞིབ་མཇུག་ལྟེ་གནས་སུ་གཏོང་བའི་འཆར་གཞི་བཟོས་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག