མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཇོ་མོ་གླང་མའི་ཆན་ཕུའུ་10ཡི་གློག་གཏོང་ལས་གྲྭ་ལེགས་གྲུབ་བྱུང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-04-21 10:31

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ།གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གཞིས་རྩེ་གློག་གཏོང་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།ལས་ཡུན་ལོ་གཉིས་ལྷག་ཙམ་གྱི་ཇོ་མོ་གླང་མའི་ཆན་ཕུའུ་10ཡི་གློག་གཏོང་ལས་གྲྭ་ཉིན་ཤས་གོང་དངོས་སུ་ལེགས་གྲུབ་བྱུང་བ་དེས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་གློག་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

    ལས་གྲྭའི་འགན་ཁུར་བ་སྤེན་པ་དོན་གྲུབ་ཀྱིས་ལས་གྲྭ་དེ་ལས་འགོ་ཚུགས་པ་ནས་གློག་ཤར་གཏོང་ཐུབ་པའི་བར་ལོ་གཉིས་ལྷག་ཙམ་འགོར་བ་རེད།རྒྱལ་ཁབ་གློག་དྲས་གློག་དྲ་ཆེན་པོ་སྣུར་སྲིང་བྱེད་སྟངས་སྤྱད་དེ་དེའི་རྒྱུད་ཀྱི་ཤང་གྲོང་21གི་དུད་ཚང་1011དང་ལོ་རྒྱུས་ཡུན་རིང་ལྡན་པའི་རོང་ཕུ་དགོན་ལ་བདེ་འཇགས་ལྡན་པའི་གློག་བརྟན་པོ་ཞིག་སྤྱོད་རྒྱུ་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།2013ལོ་ནས་2015ལོ་བར་ཀྲུང་དབྱང་ནོར་སྲིད་དང་རྒྱལ་ཁབ་གློག་དྲ་ཀུང་སིས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་81.34བཏང་ནས་བོད་ཀྱི་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།ལས་གྲྭ་ལེགས་སྒྲུབ་བྱས་རྗེས་གློག་སྤྱོད་མི་འབོར་ཁྲི་43.98གསར་འཕར་ཡོང་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག