མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་མི་ཁྲི12.7གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-21 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་ལྗོངས་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་ན་ནིང་ཆུ་་བེད་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར46བཏང་སྟེ་རོང་འབྲོག་ཁུལ་གྱི་མི་ཁྲི3.84ཡིས་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་ཤིང་། ད་ལོར་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་མི་ཁྲི12.7གྱི་གློག་སྤྱོད་པའི་གནད་དོན་ལེགས་བཅོས་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། བོད་ལྗོངས་ཆུ་བེད་སྐོར་གྱི་འཆར་གཞི་ལྟར་ན་ཞིང་སྡེའི་ཆུ་གློག་ཡོངས་སུ་ཁྱབ་པའི་མངའ་ཁོངས་འོག་གྲོང་རྡལ་དུ་གློག་འཐེན་ཚད100%ལ་སླེབས་རྒྱུ་དང་། མི་གྲངས་ལྟར་གློག་འཐེན་ཚད90%ཡན་ལ་སླེབས་རྒྱུ་དེ་རེད།

རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་བཤད་རྒྱུར། བོད་ལྗོངས་ཀྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་གསར་སྤེལ་གང་ལེགས་བྱས་ཏེ། ཁ་བཀྲམ་ནས་གློག་འདོན་རྒྱུ་དེ་ནི་རོང་འབྲོག་པས་གློག་སྤྱོད་པའི་གནད་དོན་ཐག་གཅོད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན། ད་ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཆུ་བེད་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར35དངོས་འབེབས་བྱེད་པར་ཁག་ཐེག་བྱས་ཏེ། ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར45གཏོང་བར་བརྩོན་ལེན་བྱས་ནས། ལ་ལྷོ་ཆུ་བེད་ལྟེ་གནས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། ཞིང་ཁའི་ཆུ་འདྲེན་གཞི་ཁྱོན་མུའུ་ཁྲི30གསར་སྣོན་དང་ལེགས་བཅོས་བྱ་རྒྱུ་ཡིན་པ། དེ་མིན་ས་ཆུ་ཤོར་བའི་ས་ཞིང་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ500བཟོ་བཅོས་བྱ་རྒྱུ་ཡིན་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར50བཀོད་སྒྲིག་བྱས་ཏེ་ཆུ་ཡོད་ལ་གློག་མེད་པའི་ས་ཁུལ་དུ་ཆུ་གློག་ས་ཚུགས་ཆུང་གྲས་འཛུགས་སྐྲུན་བྱེད་པར་བེད་སྤྱོད་རྒྱུ་ཡིན་ལ། དེ་དང་ཆབས་ཅིག བོད་ལྗོངས་རོང་འབྲོག་ཁུལ་གྱི་ཆུ་གློག་ཞིང་སྡེ་གསར་བའི་གློག་ཤུགས་ཅན་གྱི་རྫོང་དང་ཆུ་གློག་ས་ཚུགས་ཆུང་གྲས་ཀྱིས་འབར་རྫས་བཟོ་སྐྲུན་གྱི་ཚབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག