མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དོན་དཔྱད་བརྗོད། འཁོར་ལམ“གཡར་འཕྲོག་བཟུང”བཅས་བྱས་ཚེ་བདེ་འཇགས་ག་ནས་ཡོང་སྲིད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-21 10:24

    ཕྱོགས་གཅིག་ནས་འཕྲུལ་སྒུལ་རླངས་འཁོར་གྱིས་རྐང་འཁོར་ལམ་ལ་བསྐྱོད་དེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ལམ་བུ་བཟུང་བ་དང་ཕྱོགས་གཞན་ཞིག་ནས་འཛུལ་ས་དང་ཐོན་ས་དེ་སྒྲིག་འགལ་ངང་བཞག་པའི་འཁོར་རིགས་ཀྱིས་བཀག་ཅིང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་འབོར་ཆེན་ཞིག་འཕྲུལ་སྒུལ་རླངས་འཁོར་ལམ་དུ་སྐྱོད་ཀྱི་ཡོད། གྲོང་ཁྱེར་ཆེ་འབྲིང་འགར་རླངས་འཁོར་མང་བའི་དུས་སུ་མ་གཞི་བྱས་ན་འཁོར་རིགས་སྣ་ཚོགས“རང་སོ་སོའི་ལམ”དུ་སྐྱོད་དགོས་ཀྱང་ད་ཆ་ཕན་ཚུན་གཡོལ་རེས་མི་བྱེད་པར་འཚང་ཁ་རྒྱག་གི་ཡོད་པར་བརྟེན་ཤར་གཏོང་མི་ཐུབ་པའི་འགྲིམ་འགྲུལ་དེ་བས་སྟབས་མི་བདེ་བར་གྱུར།

    རྐང་འཁོར་བཞོན་ནས་ལས་ཀར་འགྲོ་མཁན་འགའ་ཞིག་གིས་ཞོགས་པ་སེམས་སྐྱིད་བག་ཡངས་ངང་ལས་ཀར་འགྲོ་གི་ཡོད་ཀྱང་ལམ་བར་དུ་སེམས་འཚབ་ནས་འགྲོ་དགོས་པས་ལས་ཁུངས་ལ་སླེབས་སྐབས་ཐང་ཆད་ཀྱི་འདུག་ཅེས་བརྗོད།

    རྐང་འཁོར་བཞོན་མཁན་ཚོར་ཁོང་ཚོའི་འུ་ཐུག་གནས་ཚུལ་ཡོད་ལ་རླངས་འཁོར་གཏོང་མཁན་ཚོར་ཡང་སེམས་ཁྲལ་དང་། འུ་ཐུག མི་སྐྱིད་པ་བཅས་ཡོད། རླངས་འཁོར་གཏོང་མཁན་མི་ཉུང་བས་ཞོགས་པ་དང་དགོང་མོ་མ་གཞི་ནས་རླངས་འཁོར་མང་བའི་དུས་རེད། རྐང་འཁོར་བཞོན་མཁན་འགའ་རླངས་འཁོར་ཁྲོད་ཕར་ཀྱོག་ཚུར་ཀྱོག་བྱས་ནས་སྐྱོད་པ་མཐོང་སྐབས་རླངས་འཁོར་དང་བརྡུངས་ནས་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་རྒྱུའི་སེམས་ཁྲལ་ཆེན་པོ་འདུག “སྐབས་རེ་རླངས་འཁོར་གཏོང་བཞིན་པའི་དུས་སུ་གློ་བུར་དུ་ཉེ་འགྲམ་དུ་རྐང་འཁོར་བཞོན་མཁན་ཡོད་པ་མཐོང་ན་དངོས་ནས་ཞེད་སྣང་དང་སེམས་ཁྲལ་ཆེན་པོ་འདུག”ཅེས་བརྗོད།

    རང་ལམ་རང་སྐྱོད་བྱེད་དགོས་ཞེས་པ་ལྟར་རྐང་འཁོར་བཞོན་མཁན་དང་རླངས་འཁོར་གཏོང་མཁན་གྱིས་ཕན་ཚུན་འགོག་རྐྱེན་མི་བཟོ་བར་རང་ལམ་རང་སྐྱོད་བྱ་རྒྱུ་དེ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་བའི་རྩ་དོན་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་འཁོར་ལམ“གཡར་འཕྲོག་བཟུང”བཅས་ཀྱི་གནས་ཚུལ་དེ་ལས་རྩོད་གཞི་དང་དོན་རྐྱེན་ཐོན་པ་དང་བདེ་འཇགས་ཐད་ཀྱི་རྐྱེན་ངན་ཆེ་རུ་འགྲོ་སྲིད་པ་མ་ཟད་ཡུན་རིང་སོང་ན“སྒྲིག་སྲོལ་ཡོད་ཀྱང་སྲུང་ན་འགྲིག་ལ་མ་སྲུང་ནའང་འགྲིག”ཅེས་པའི་སྤྱི་ཚོགས་ཀྱི་གནས་ཚུལ་མི་ལེགས་པ་ཞིག་ཆགས་ཉེན་ཡོད།

    ལམ་བུའི་འཆར་འགོད་བལྟོས་བཅས་ངང་རྗེས་ལུས་ཐེབས་པ་དང་། འཁོར་རིགས་འཇོག་སའི་ཆ་ལག་ཚང་བའི་སྒྲིག་བཀོད་ལུགས་མཐུན་དེ་ཙམ་མེད་པ། འཁོར་རིགས་མང་བས་ལམ་འགག་པ་དང་ཐག་ཉེ་ས་ནས་སྐྱོད་ཐབས་བྱེད་པ་སོགས་ནི་རླངས་འཁོར་གཏོང་མཁན་དང་རྐང་འཁོར་བཞོན་མཁན་ཚོའི་འུ་ཐུག་གི་གནས་ཚུལ་ཞིག་ཡིན་ཡང“སྒྲིག་སྲོལ་དང་སྒྲིག་ལམ་མི་སྲུང་བར”ལོང་རྒྱུག་བྱེད་པ་དང་སྟེས་དབང་གི་བསམ་བློ་བཅངས་པ་དེའང་འཁོར་རིགས་ལམ་བུ་གང་བྱུང་དུ་སྐྱོད་པའི་གནས་ཚུལ་ཐོན་པའི་རྒྱུ་རྐྱེན་ཞིག་རེད།

    འགྲིམ་འགྲུལ་བདེ་འཇགས་དོ་དམ་དེ་མ་གཞི་ནས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་དང་ད་ཡོད་ཀྱི་ཐོན་ཁུངས་སྔར་བས་གསར་སྤེལ་བྱེད་པ་ཕུད་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་མགྱོགས་མྱུར་ཚུར་སྣང་ལན་ཆ་དང་ལེགས་སྒྲིག་བྱེད་པ་མ་ཟད་གོ་ཆོད་ལ་ཆད་གཅོད་ཁ་གསལ་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ཀྱང་ལག་ལེན་བསྟར་དགོས། དུས་མཚུངས་གྲོང་ཁྱེར་གྱི་གྲོང་མི་ཚོར་ད་དུང་དྲིལ་བསྒྲགས་བྱེད་ཤུགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་འབྲེལ“འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་ཞུས་ནས་རང་ལམ་རང་སྐྱོད་བྱེད་པའི”འཁོར་སྐྱོད་བདེ་འཇགས་ཀྱི་འདུ་ཤེས་འཛུགས་རྒྱུའི་སྣེ་ཁྲིད་ཀྱང་བྱེད་དགོས།

    ཤར་གཏོང་བྱུང་ན་སེམས་པ་ལྷོད། བདེ་འཇགས་བྱུང་ན་ཕུགས་འདུན་འགྲུབ། ང་ཚོའི“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་ཡོང་བ་བྱེད་པར་འགྲིམ་འགྲུལ་མྱུར་ལ་ཤར་གཏོང་ཐུབ་པ་དང་མི་དམངས་སེམས་ལྷོད་པོ་ཡོང་བ་བྱེད་པའི“ཕྱིར་སྐྱོད་བདེ་འཇགས་ཀྱི་བསམ་འདུན”སྔོན་ལ་མངོན་འགྱུར་ཐུབ་པ་བྱེད་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག