མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་ཐབས་ཀྱིས་སྲོལ་རྒྱུན་ལས་བརྒལ་ཏེ་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་བགྲེས་སོང་བསྟན་པ་རབ་བསྟན་ནི་བོད་ཀྱི་ཐང་ག་བཞེངས་པའི་ལས་རིགས་ནང་སྐད་གྲགས་ཆེན་པོ་ལྡན་པ་ཞིག་ཡིན། དེ་སྔོན་ཐང་གའི་སྒྱུ་རྩལ་ནང་མི་མ་གཏོགས་ཕྱི་མིར་རྒྱུད་སྤེལ་མི་བྱེད་པའི་སྲོལ་རྒྱུན་དང་མི་འདྲ་བར། ཁོང་གིས་རང་ཁྱིམ་དུ་སློབ་མ་༣༠ལྷག་བསྡུས་ཡོད་པ་དང་། ད་དུང་བོད་ལྗོངས་སློབ་ཆེན་ལ་ཐང་ག་བཞེངས་མཁན་འཛིན་གྲྭ་གཉེར་ནས། སློབ་གླིང་རྣམ་པའི་སློབ་ཁྲིད་བྱ་ཐབས་བརྒྱུད་ཐང་གའི་སྒྱུ་རྩལ་རྒྱུད་སྤེལ་གནང་བཞིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་ཁུར་བ་ངག་དབང་བསྟན་འཛིན་གྱིས། བོད་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་ཐབས་ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བཞིན་ཡོད་པ་དང་། བུ་ལ་མ་གཏོགས་བུ་མོར་རྒྱུད་སྤེལ་མི་བྱེད་པ་དང་། ནང་མིར་མ་གཏོགས་ཕྱི་མིར་རྒྱུད་སྤེལ་མི་བྱེད་པ། དགེ་འདུན་པར་མ་གཏོགས་མི་སྐྱར་རྒྱུད་འཛིན་མི་བྱེད་པ་སོགས་ཀྱི་སྲོལ་རྒྱུན་ལ་འགྱུར་བ་ཐེབས་བཞིན་ཡོད་ཅིང་། དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པས་སློབ་མར་བཟོས་པའི་ཚད་གཞི་དང་རེ་བ་ཡང་དེ་སྔོན་ལས་དམའ་བ་ཡོད་པས། འདི་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞེས་གསུངས་འདུག

བོད་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་ནི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་སར་གྱུར་ཡོད་པ་རེད། ད་ཆ། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རལ་པ་དེ་སློབ་གླིང་རྣམ་པའི་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། གྲངས་གཞི་ལས་མངོན་པར། མིག་སྔར། བོད་ལྗོངས་སུ་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་800ཙམ་ཡོད་པ་དང་། རྒྱུད་འཛིན་པ་1177ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག